ཟླ་བ་༡༡ཚེས་༡༥ཉིན། ༢༠༢༥ལོའི་བོད་རང་སྐྱོང་ལྗོངས་དྲག་རྩལ་སྤྲོ་སྐྱིད་ཁང་གི་མཉམ་འབྲེལ་འགྲན་བསྡུར་དང་ལོ་འཁོར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དེ་ལྷ་ས་རུ་འགོ་ཚུགས་པ་རེད། ཐེངས་འདིའི་འགྲན་བསྡུར་གྱིས་འཛམ་གླིང་གི་རྩེ་མོ། མཐའ་མཇུག་གི་འགྲན་བསྡུར་ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། ལྷ་སའི་དབྱང་དབྱང་དྲག་རྩལ་སྤྲོ་སྐྱིད་ཁང་དང་། བོད་ལྗོངས་མགོན་པོའི་དྲག་རྩལ། གེ་སར་དྲག་རྩལ། དཔའ་བོའི་དྲག་རྩལ་སོགས་སྤྲོ་སྐྱིད་ཁང་མང་པོ་ཞིག་གི་དྲག་རྩལ་པ་༧༠ལྷག་དུ་འཛོམས་ནས། མཚོ་འཕགས་སྨི་༣༦༠༠ཙམ་ཡོད་པའི་ས་མཐོའི་འགྲན་བསྡུར་སྟེགས་བུའི་ཐོག་འགྲན་བསྡུར་བྱས་པ་རེད། པར་རིས་འདི་དག་ནི་༢༠༢༥ལོའི་བོད་རང་སྐྱོང་ལྗོངས་དྲག་རྩལ་སྤྲོ་སྐྱིད་ཁང་གི་མཉམ་འབྲེལ་འགྲན་བསྡུར་དང་ལོ་འཁོར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་ཡུལ་དངོས་རེད། 
ཟླ་༡༡ཚེས་༡༥ཉིན། ༢༠༢༥ལོའི་བོད་རང་སྐྱོང་ལྗོངས་དྲག་རྩལ་སྤྲོ་སྐྱིད་ཁང་གི་མཉམ་འབྲེལ་འགྲན་བསྡུར་དང་ལོ་འཁོར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ལྷ་ས་རུ་འགོ་ཚུགས། ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པ། ཀུན་དགའ་བློ་བཟང་གིས་པར་བླངས།

འཕྲིན་སྟེགས། weikangba