
ས་གནས་དེ་གའི་དུས་ཚོད་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་བཏང་བ་ལྟར་ན། ཨུ་རུ་སུའི་དམག་དཔུང་གི་སུའུ་གསུམ་ཐིག་རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཞིག་ཨུ་རུ་སིའི་ནུབ་བྱང་རྒྱུད་ཀྱི་ཁ་ལེ་ལི་ཨ་སྤྱི་མཐུན་རྒྱལ་ཁབ་ཏུ་འཕུར་སྐྱོད་སྦྱོང་བརྡར་བྱེད་སྐབས་སར་ལྷུང་བ་དང་། གནམ་གྲུའི་ཐོག་གི་ལས་སྒྲུབ་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བ་རེད། བརྡ་ཁྱབ་ལས་མངོན་པ་ལྟར་ན། སར་ལྷུང་བའི་དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པ་ཡས་མས་སུ་བྱུང་བ་རེད། དོན་རྐྱེན་བྱུང་བའི་གནམ་གྲུ་འཕུར་སྐྱོད་བྱེད་སྐབས་རྫས་མདེལ་འཁྱེར་མེད་པ་རེད།
ཁ་ལེ་ལི་ཨ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་པོས། དགོང་མོ་དེར་དམག་སྤྱོད་གནམ་གྲུ་ཞིག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཕུའུ་ལི་ཨོ་ཉེ་རི་སི་ཅི་ཁུལ་ནས་སར་ལྷུང་བ་བདེན་དཔང་བྱས། མྱུར་སྐྱོབ་མི་སྣ་ཡུལ་དངོས་ལ་འབྱོར་ཚར།
ཉིས་སྟོང་ཉེར་གསུམ་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། ཨུ་རུ་སུའི་དམག་དཔུང་གི་སུའུ་གསུམ་ཐིག་རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཞིག་ཨུ་རུ་སུའི་ཅ་ལི་ཉིང་ཀེ་ལེ་ཁུལ་དུ་འཕུར་སྐྱོད་སྦྱོང་བརྡར་བྱེད་སྐབས་སར་ལྷུང་ནས་གནམ་གྲུའི་ཐོག་གི་ལས་སྒྲུབ་མི་སྣ་གཉིས་ཀ་རྐྱེན་ལམ་དུ་ཤོར་བ་རེད། སུའུ་གསུམ་ཐིག་རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ནི་ཨུ་རུ་སུའི་ལྗིད་ཚད་ཆེ་བའི་སྒུལ་བྱེད་འཕྲུལ་འཁོར་གཉིས་ཅན་གྱི་སྟེགས་གཉིས་སྤྱོད་མང་དམག་འཐབ་གནམ་གྲུ་རེད།
འཕྲིན་སྟེགས། weikangba