​ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་མའེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།

2025-11-10
240

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་མའེ་ཀྲོའུ་གྲོང་ཁྱེར་མའེ་རྫོང་ཆུས་ཡན་དབྱང་གྲོང་རྡལ་དུ་སྔ་རྗེས་སུ་ཡེ་ཅན་དབྱིན་རྗེས་དྲན་ཁང་དུ་ལྟ་སྐོར་དང་ནན་ཧྥུའུ་ཅིན་ཡིའུ་འདེབས་འཛུགས་རྟེན་གཞི་རུ་རྟོག་ཞིབ་གནང་བ་དང་། ས་གནས་ཀྱིས་གསར་བརྗེའི་རིག་གནས་དར་སྤེལ་དང་གསར་བརྗེའི་གནས་རྙིང་ཁུལ་གྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།  །


  • 顶