ཞི་ཅིན་ཕིང་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་བྱ་རྒྱུ་རེད། ཟླ་བ་༡༡ཚེས་༩ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོ་ཀོང་ཏུང་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་སུ་འཚོག་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པར་མ་ཟད། ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་བྱ་རྒྱུ་རེད། སྐབས་དེར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་པ་མ་ཟད། ཞིན་ཧྭ་དྲ་བ་ཡིས་ཡིག་རིས་ཐད་གཏོང་བྱ་རྒྱུ་རེད།

འཕྲིན་སྟེགས། weikangba