ཚེས་༧ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་གྲོང་ཁྱེར་མེ་རྫོང་ཆུས་ཡན་དབྱང་གྲོང་རྡལ་དུ་ཕེབས་ནས། སྔ་རྗེས་སུ་ཡེ་ཅན་དབྱིན་གྱི་དྲན་གསོ་གླིང་ལ་གཟིགས་སྐོར་གནང་བ་དང་། ནན་ཧྥུའུ་ཤིང་ཏོག་ཡིའུ་ཙིའི་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་ནས། ས་གནས་དེ་གའི་གསར་བརྗེའི་རིག་གནས་གོང་དུ་སྤེལ་བ་དང་། གསར་བརྗེའི་གནས་རྙིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་རེད།






འཕྲིན་སྟེགས། weikangba