ས་གནས་དེ་གའི་དུས་ཚོད་ཟླ་༡༠པའི་ཚེས་༣༠ཉིན་གྱི་སྔ་དྲོ་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་རྣམ་གཉིས་ཁོ་རེ་ཡ་ལྷོ་མའི་ཧྥུ་ཧྲན་དུ་ཐུག་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་ཐེ་རོན་ཕུའུ་ཙུང་ཐུང་ལ་བདམས་ཐོན་བྱུང་ཚུན་ནས་ང་ཚོས་ཁ་པར་ཐེངས་གསུམ་བཏང་ཡོད་ལ། ཕན་ཚུན་དབར་ཡིག་འཕྲིན་ཐེངས་མང་སྤྲིངས་ནས་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བར་མཉམ་དུ་སྣེ་ཁྲིད་བྱས་ཡོད།
ཉིན་འགའི་སྔོན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པས་ཅི་ལུང་ཕུའུ་རུ་རེས་སྐོར་གསར་པའི་གྲོས་མོལ་བྱས་ནས་མིག་སྔར་ཕྱོགས་གཉིས་ཀྱིས་དོ་ཁུར་གཙོ་བོ་བྱེད་པ་ཁག་ཅིག་ཐག་གཅོད་བྱ་རྒྱུར་གཞི་རྩའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པས་དེ་རིང་ང་ཚོའི་ཐུག་འཕྲད་འདི་ལའང་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བས། མི་མཐུན་སའི་ཕྱོགས་འགའ་ཤས་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། དེ་བཞིན་དུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པའི་ངོས་ནས་སྐབས་སྐབས་སུ་འགལ་ཟླ་ཅུང་ཙམ་རེ་འབྱུང་སྲིད་པ་དེའང་རྒྱུན་ལྡན་ཞིག་རེད། དཀའ་ཁག་དང་འགྲན་སློང་གི་མདུན་དུ་ང་དང་ཙུང་ཐུང་ཐེ་རོན་ཕུའུ་གཉིས་ནི་སྣེ་ཁྲིད་བྱེད་མཁན་ཡིན་པའི་ཆ་ནས། ཁ་ཕྱོགས་དམ་འཛིན་ཡག་པོ་དང་ཁྱོན་ཡོངས་ཚོད་འཛིན་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་བརྟན་བརླིང་ངང་མདུན་དུ་བསྐྱོད་ཐུབ་པ་བྱ་དགོས་ཞེས་གསུངས།

བརྙན་གྱི་ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
པར་རིས་ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། མགོན་པོ་ཚེ་རིང་།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba