ཨ་རིའི་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་དོ་དམ་ཅུས་ཀྱིས་ལས་བཟོ་པ་༡༤༠༠ཙམ་གྱི་གླ་ཕོགས་མེད་པར་ངལ་གསོ་གཏོང་དགོས་པར་བཤད།

2025-10-20
493

  ཨ་རིའི་ཆབ་སྲིད་གསར་འགྱུར་དྲ་བའི་ཐོག་ཏུ་ཆ་འཕྲིན་སྤེལ་བར་གཞིགས་ན། ཚེས་༡༧ཉིན་ཨ་རིའི་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་དོ་དམ་ཅུས་ཀྱིས་རྒྱལ་ཚོགས་ལ་སྲིད་གཞུང་གིས་མུ་མཐུད་ནས་ལས་མཚམས་བཞག་པའི་རྐྱེན་གྱིས་ཁོང་ཚོའི་གཉེར་སྐྱོང་མ་དངུལ་ཚེས་༡༨ཉིན་ཟད་འགྲོ་བཞིན་ཡོད་པ་མ་ཟད་དེའི་རྐྱེན་གྱིས་ལས་བཟོ་པ་༡༤༠༠ཙམ་གྱིས་༼མི་གྲངས་བསྡོམས་འབོར་གྱི་༨༠%ཟིན་༽ཚེས་༢༠ཉིན་ནས་བཟུང་གླ་ཕོགས་མེད་པའི་ངལ་གསོ་མི་བྱེད་ཐབས་མེད་ཡིན་པ་དང་མི་༣༧༥ཙམ་གྱིས་མ་གཏོགས་མུ་མཐུད་ལས་ཀ་བྱེད་ཀྱི་མེད་ཅེས་བཤད་པ་རེད། ཕོ་བྲང་དཀར་པོས་དམངས་གཙོ་ཏང་ལ་ཁ་རྡུང་གཏོང་བའི་རྐྱེན་གྱིས་སྲིད་གཞུང་གི་སྒོ་རྒྱག་དགོས་ཐུག་པ་དང་དེས་ཨ་རིའི་ཉིང་རྡུལ་མཚོན་ཆའི་མཛོད་ལ་ཉམས་ཉེན་འཕྲད་རྒྱུ་རེད།

  ཨ་རིའི་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་དོ་དམ་ཅུས་ཀྱི་ཁོངས་གཏོགས་ནུས་ཁུངས་པུའུ། ཆབ་སྲིད་གསར་འགྱུར་དྲ་བའི་ཐོག་ལས་ཁུངས་དེས་ཐད་ཀར་ཉིང་རྡུལ་མཚོན་ཆ་བཀོལ་སྤྱོད་བྱེད་ཀྱི་མེད་པ་དང་ཉིང་རྡུལ་མཚོན་ཆ་འཁོར་སྐྱོད་བྱེད་དབང་ཨ་རིའི་སྲུང་སྐྱོབ་ལྷན་ཁང་གི་ཁོངས་སུ་གཏོགས་མོད། འོན་ཀྱང་དེ་ནི་ཨ་རིའི་ཉིང་རྡུལ་ནུས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། མདེལ་རྩེ་སྲུང་སྐྱོང་དང་གསར་བསྒྱུར། མཚོ་དམག་གི་ཉིང་རྡུལ་སྐུལ་འདེད་མ་ལག་ལ་ལྟ་སྐུལ། དེ་བཞིན་ཉིང་རྡུལ་ཁྱབ་འགྱེད་མི་བྱེད་པའི་རྣམ་གྲངས་ལ་དོ་དམ་བཅས་ཀྱི་འགན་འཁུར་ཡོད་པར་བསྟན།

  ཚེས་༢༠ཉིན་ཨ་རིའི་ནུས་ཁུངས་པུའུ་ཀྲང་ཁེ་ལི་སི·ལའེ་ཐེ་ལ་སི་ཝུའེ་ཅ་སིའི་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་དོ་དམ་ས་ཚིགས་སུ་བསྐྱོད་དེ་སྲིད་གཞུང་གི་སྒོ་བརྒྱབ་པས་ཨ་རིའི་ཉིང་རྡུལ་ཟིལ་ཤུགས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ནས་གྲོས་བསྡུར་ཞིབ་ཕྲ་བྱ་རྒྱུ་ཡིན་པ་རེད།

  ནིའུ་ཡོའི་སྐབས་དོན་ཚགས་པར་ཐོག་ཏུ་ཆ་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ནུས་ཁུངས་པུའུ་ཡིས་འགན་གཙང་ལེན་དང་འགན་བགོས་འགན་གཙང་ལན་ཚོང་པ་འབུམ་གཅིག་ཙམ་གླས་ཡོད་པ་དང་།ལས་ཁུངས་དེས་སྔོན་ཆད་སྲིད་གཞུང་གི་སྒོ་རྒྱག་རིང་ལ་སྲིད་གཞུང་གི་ལས་བཟོ་པ་སུ་ལ་ཡང་གུང་གསེང་གཏོང་མྱོང་མེད་ཀྱང་ཐེངས་འདིར་ཐབས་ཤེས་གཞན་མེད་པར་བསྟན། ནུས་ཁུངས་པུའུ་ཡིས་ད་དུང་འགག་རྩའི་ཉིང་རྡུལ་བདེ་འཇགས་བཀོལ་སྤྱོད་ལ་གནོད་པ་མི་ཐེབས་ཀྱང་།ཡིན་ནའང་ཞིབ་འཇུག་རྣམ་གྲངས་མང་པོ་ཞིག་དང་དེ་བཞིན་ཉིང་རྡུལ་དེང་རབས་ཅན་དང་ཁྱབ་འགྱེད་འགོག་པའི་འཆར་གཞི་གནས་སྐབས་མཚམས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད། 

  དེ་དང་ཆབས་ཅིག་༼རྒྱལ་སྤྱིའི་ཚོང་ལས་སྐབས་དོན་ཚགས་པར༽ཐོག་ཏུ་ཆ་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་མི་རྟོགས་པའི་འཕུར་སྐྱོད་དངོས་པོའི་སྐོར་གྱི་དངོས་ཟིན་གློག་བརྙན་ཏེ་དུས་རབས་གསལ་སྟོན་ཞེས་པའི་སྔོན་བརྡ་ཉེ་ཆར་ཁྱབ་བསྒྲགས་བྱས་པ་རེད། ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས་སྔོན་བརྡའི་གློག་བརྙན་ནང་མི་རྟོགས་པའི་འཕུར་སྐྱོད་དངོས་པོ་ཨ་རིའི་ཉིང་རྡུལ་རྟེན་གཞིར་འཕུར་སྐྱོད་བྱེད་བཞིན་ཡོད་པ་མ་ཟད། འཕུར་སྐྱོད་དངོས་པོ་དེ་དག་ཨ་རི་ནས་ཡོང་བ་མིན། ཐ་ན་ཙུང་ཐུང་གིས་ཀྱང་མི་རྟོགས་པའི་འཕུར་སྐྱོད་དངོས་པོ་དངོས་སུ་མཐོང་བའི་དོན་རྐྱེན་གྱི་འབྲེལ་ཡོད་ཆ་འཕྲིན་ཤེས་དགོས་ཞེས་བཤད། ལུའུ་པི་ཨའོ་ཡིས་ད་དུང་མི་རྟོགས་པའི་འཕུར་སྐྱོད་དངོས་པོའི་སྐོར་གྱི་ཆ་འཕྲིན་གྱིས་ཁོ་རང་མཚན་མོར་གཉིད་ཀྱང་ཁུག་ཏུ་མི་འཇུག་ཅེས་བཤད།

  • 顶