གནམ་གྲུ་CA༡༣༩ནང་ལ་མེ་འབར་བས་ས་ལ་འབབ་དགོས་ཐུག

2025-10-19
347

  ཚེས་བཅོ་བརྒྱད་ཉིན་གྱི་ཉིན་གུང་དྲ་གྲོགས་ཤིག་གིས་ཡི་གེ་བཏང་ནས། ཧང་ཀྲོའུ་ནས་ཁོ་རེ་ཡ་ལྷོ་མར་འཕུར་བའི་ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་གནམ་གྲུའི་ཐོག འགྲུལ་ཆས་སྒྲོམ་ལ་གློ་བུར་དུ་མེ་འབར་ནས་ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་ལ་བྲེལ་མྱུར་གྱིས་འབབ་དགོས་ཐུག་ཟེར། འབྲེལ་ཡོད་བརྙན་རིས་ལྟར་ན། གནམ་གྲུའི་འགྲུལ་ཆས་སྒྲོམ་ལ་མེ་འབར་ནས།   འགྲུལ་ཤག་ཧྲིལ་པོར་དུ་བས་ཁེངས་འདུག   

  ཚེས་བཅོ་བརྒྱད་ཉིན་གྱི་ཉིན་གུང་ཆུ་ཚོད་༡༢དང་སྐར་མ་༣༩ཐོག  ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་གྱིས་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། 

  ཟླ་བ་༡༠ཚེས་༡༨ཉིན། ཧང་ཀྲོའུ་ནས་རེན་ཁྲོན་དུ་འཕུར་བའི་CA༡༣༩གནམ་གྲུའི་འགྲུལ་ཆས་སྒྲོམ་ཐོག་ཏུ་བཞག་པའི་ལག་ཁུག་ནང་གི་ལི་གློག་རྫས་རང་འབར་བྱུང་། གནམ་གྲུའི་ལས་སྒྲུབ་པས་ཐག་གཅོད་འོས་འཚམ་བྱས་པས་མི་སྣ་རྨས་མེད། འཕུར་སྐྱོད་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། གནམ་གྲུ་ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་ལ་བྲེལ་མྱུར་གྱིས་བབས་ཡོད། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་ཁང་གིས་གནམ་གྲུ་གཞན་པ་བཀོད་གཏོང་བྱས་ནས་འགྲུལ་སྐྱེལ་ལས་འགན་བསྒྲུབས་པ་རེད། 

  • 顶