སྲོག་ཆད་དུས་འགྱངས་ཀྱི་ཁྲིམས་ཆད་བཅད།

2025-10-19
489


   2025ལོའི་ཟླ་10ཚེས་14ཉིན། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཐོག་མའི་འདྲི་གཅོད་ཐོག་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཝང་པོ་ཡིས་ལྐོག་རྔན་བླངས་པའི་གྱོད་དོན་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པར། ཞུ་སྦྱོར་ཕྱི་མ་ཝང་པོ་ཡིས་ལྐོག་རྔན་བླངས་པའི་བྱས་ཉེས་ལ་སྲོག་ཁྲིམས་བཅད་པ་དང་། དུས་འགྱངས་ལོ་གཉིས་ནང་ལག་བསྟར་བྱ་རྒྱུ། ཆབ་སྲིད་ཀྱི་དབང་ཆ་ཚེ་གང་བཙན་འཕྲོག་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་བ་དང་། སྲོག་ཁྲིམས་ཕྱིར་འགྱངས་ལོ་གཉིས་བྱ་རྒྱུ། དུས་ཡུན་ཐིམ་རྗེས་ཁྲིམས་ལྟར་ཚེ་གང་བཙོན་འཇུག་བྱས་ནས་ ཉེས་ཆད་ཡང་དུ་གཏོང་རྒྱུ་དང་ཚོད་བགམ་གློད་གྲོལ་མི་ཆོག་པ། གྱོད་གཞིའི་ཐོག་བདའ་འདེད་རྩིས་སྤྲོད་བྱས་པའི་ཝང་པོ་ཡི་ཉེས་གསོག་ལས་ཐོབ་པའི་རྒྱུ་ནོར་དང་སྐྱེད་ཀ་ཁྲིམས་ལྟར་རྒྱལ་མཛོད་དུ་སྤྲོད་རྒྱུ་དང་། མི་འདང་བའི་ཆ་ཤས་མུ་མཐུད་ནས་བདའ་འདེད་གཏོང་རྒྱུ་བཅས་བྱས་ཡོད།

  • 顶