གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་ཟླ་10ཚེས་15ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན་ཕན་ཀུང་ཧྲེང་གིས་རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་གི་ལོ་ཚོགས་འཚོག་རིང་འཁྱགས་གླིང་ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་ཡུའེ་ཧན་སུང་དང་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་རེས་གྲོས་མཐུན་ལ་མུ་མཐུད་མིང་རྟགས་བཀོད། དེའི་དམིགས་ཡུལ་ནི་ཕྱོགས་གཉིས་པོའི་དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ། དངུལ་རྩའི་བརྟན་བརླིང་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱ་རྒྱུ་དེ་རེད། ཀྲུང་གོ་དང་འཁྱགས་གླིང་གི་ཕྱོགས་གཉིས་ཀྱི་དངུལ་ལོར་བརྗེ་རེས་གྲོས་མཐུན་གྱི་བརྗེ་རེས་གཞི་ཁྱོན་ནི་མི་དམངས་ཤོག་སྒོར་དུང་ཕྱུར་35དང་འཁྱགས་གླིང་ཁེ་ལང་དུང་ཕྱུར་700ཡིན་པ་དང་། གྲོས་མཐུན་གྱི་གོ་ཆོད་དུས་ཚད་ལོ་ལྔ་ཡིན་པ་རེད།
ཕན་ཀུང་ཧྲེང་གིས་ཀྲུང་གོ་དང་འཁྱགས་གླིང་རྒྱལ་ཁབ་གཉིས་ཀྱིས་ཡུན་རིང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་རེས་ལ་མུ་མཐུད་མིང་རྟགས་འགོད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་པོའི་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་པ་བསྟན།
འཕྲིན་སྟེགས། weikangba