

གསར་འགོད་པས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཤེས་རྟོགས་བྱུང་པབར་གཞིགས་ན། མིག་སྔར་ཚེས་༧ཉིན་གྱི་དགོང་མོའི་བར་རྐང་ཐང་ཡུལ་སྐོར་བ་༥༨༠དང་ས་གནས་དེ་གའི་ཡུལ་སྐོར་སྣེ་ཁྲིད་པ་སོགས་རྐང་ཐང་ཞབས་ཞུའི་མི་སྣ་༣༠༠ལྷག་ཙམ་དུས་གཅིག་ཏུ་བདེ་འཇགས་ངང་ཆུ་སྟེང་གྲོང་རྡལ་དང་། དེ་བཞིན་མཐའ་འཁོར་ས་ཁོངས་སུ་འབྱོར་ཡོད་པ་དང་། ལས་དོན་མི་སྣས་གོ་རིམ་ལྡན་པའི་སྒོ་ནས་རྐང་ཐང་ཡུལ་སྐོར་བ་ཕྱིར་ལོག་པར་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད།

དེ་མིན་རྐང་ཐང་དུ་ཡུལ་སྐོར་བ་༡༠ལྷག་ཙམ་དིང་རི་རྫོང་གི་རོགས་སྐྱོབ་སྟོབས་ཤུགས་ཀྱི་ཁྲིད་སྟོན་དང་རོགས་རམ་འོག་སྨན་སོགས་འགན་ལེན་དངོས་ཟོག་འདང་ངེས་ཁྱེར་ནས་འབྲེལ་གཏུག་བྱ་ཡུལ་དུ་འབྱོར་ཡོད།


འཕྲིན་སྟེགས། weikangba