
དཀར་གསལ་ཟླ་བ་ནམ་ཞིག་མཁའ་ལ་འཆར།
རྩོམ་པ་པོ། སུའུ་ཧྲི།
ཟླ་མཆོད་དུས་ཆེན་ཉིན་མོར་སླེབས་གྱུར་ན།།
སྤྲོ་དགའི་ཆང་རག་གསོལ་ནས་ཞོཊ་ལ་བསྐྱལ། །
དྲན་པའི་གདུང་བ་ཟབ་མོའི་ཉམས་རྟོཊ་འདི།།
རྩོམ་པའི་འདུ་འགོད་རྩེན་པའི་ལས་ལ་དྲངས། །
དཀར་གསལ་ཟླ་བ་ནམ་ཞིག་མཁའ་ལ་འཆར།།
ཆང་ཕོར་བཏེཊ་ནས་ཨ་སྔོན་གནམ་ལ་དྲིས། །
ཟླ་བའི་དཀྱིལ་འཁོར་ཀློང་གི་ཕོ་བྲང་དུ། །
དོ་ནུབ་ལོ་ཟླའི་ཚེས་གྲངས་ནམ་ཡིན་ནམ། །
རླུང་གི་རྟ་ལ་བཞོན་ནས་འགྲོ་འདོད་ཀྱང་། །
ཨ་སྔོན་ཕོ་བྲང་ལྷག་རླུང་རྒོད་པར་དོགས། །
གར་གྱི་སྟངས་སྟབས་སྒྱུར་བའི་གྲིབ་གཟུཊ་ལས།།
འཇིག་རྟེན་མི་ཡུལ་གནས་པར་འཕྱང་མོ་ཉུག།
ཟླ་བའི་འོད་སྣང་སྒོ་དང་སྒེའུ་ཁུང་ལས། །
གཉིད་ཀྱི་དྲན་པ་ཤོར་བའི་གདོང་ལ་འཕྲོས། །
དཀར་གསལ་ཟླ་བར་ཞེ་འཁོན་བྲལ་ན་ཡང་། །
རྟག་པར་གྱེས་དུས་ཉ་རྒྱས་གང་འདི་ཅི། །
འཇིག་རྟེན་མི་ལ་དགའ་སྐྱོ་འདུ་བྲལ་ཆེ། །
ཨ་སྔོན་ཟླ་བར་འཕེལ་འགྲིབ་འགྱུར་ལྡོག་མང་། །
བྱ་བ་འདི་ནི་གནའ་ནས་ད་ལྟའི་བར། །
སུ་དང་གང་གིས་ལྡོག་ཐབས་བྲལ་གྱུར་པས། །
གཉེན་དང་ཉེ་དུ་ཚེ་ཐག་རིང་བ་དང་། །
སོ་སོས་ཟླ་འོད་མཉམ་རོལ་ཐུབ་པར་སྨོན། །
འཕྲིན་སྟེགས། weikangba