ཟླ་9ཚེས་28ཉིན། སྐད་འཕྲིན་ཤོག་ཁག་གི་སྐད་འཕྲི་སྤྱི་སྟེགས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁྱེད་ཀྱིས་ཉིན་ལྟར་སྤྱོད་པའི་སྐད་འཕྲིན་ལ་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད།
ཁ་བརྡ་འགུལ་ཐུབ་པར་གྱུར།
ད་ལྟ་སྐད་འཕྲིན་ཁ་བརྡ་བྱས་ན་གནས་ཚུལ་དངོས་ཀྱི་འདྲ་པར་བསྐུར་ཐུབ། ཁ་བརྡ་སྒྲོམ་དང་འདྲ་པར་ཁ་ཕྱེ་ན། གནས་ཚུལ་དངོས་ཀྱི་འདྲ་པར་བདམས་ནས་བསྐུར་ན། འདྲ་པར་ནང་དུ་འགུལ་རྣམ་གྱི་བརྙན་རིས་དང་སྒྲ་ཡོད།
*IOSསྤྱོད་མཁན་གྱིས་པར་གཞི་8.0.61དང་དེ་ཡན་དུ་གསར་བརྗེས་བྱས་ན་མྱོང་ཚོར་བྱེད་ཐུབ།
བསུབ་ནོར་བྱས་ན་ཕྱིར་འཐེན་ཐུབ།
སྐད་འཕྲིན་ནང་གཡོན་དུ་འདྲེད་ནས་གྲོགས་པོ་གཅིག་གའམ་ཡང་ན་ཚོགས་པའི་ཁ་བརྡ་བསུབ་ནོར་ཤོར་ན། སྐར་ཆ་ལྔའི་ནང་བསུབ་པ་ཕྱིར་འཐེན་ཐུབ།
འཕྲིན་སྟེགས། weikangba