ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་སྐྱོད་མཁན་ཚོས་གཟིགས་རོགས།

2025-10-05
460


  གསར་འགོད་པས་དིང་རི་རྫོང་རིག་གནས་དང་ཡུལ་སྐོར་ཅུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། གངས་བབས་པའི་རྐྱེན་གྱིས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་ལམ་དུམ་ཁག་ལ་གངས་གསོག་ཐེབས་པ་དང་འཁྱག་པ་རྒྱག་པ་སོགས་ཀྱི་སྣང་ཚུལ་ཐོན་ནས། མིག་གི་མཐོང་ཚད་དམའ་བས་རླངས་འཁོར་གྱི་འགྲོ་སྐྱོད་ལ་བཀག་འགོག་ཡོད་པས།  ཡུལ་སྐོར་བ་རྣམས་ཀྱི་བདེ་འཇགས་ལ་སྔར་བས་འགན་ལེན་བྱ་ཆེད། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱིས་༢༠༢༥ལོར་ཟླ་༡༠ཚེས་༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡༧དང་སྐར་མ་༥༠ཐོག་ནས་སྤ་སེ་བཙོང་མཚམས་འཇོག་རྒྱུ་ཡིན་པ་དང་།  གནས་སྐབས་སུ་བཀག་སྡོམ་བྱ་རྒྱུ།  ད་ཆ་ཛ་དྲག་ཆེ་སའི་གཞུང་ལམ་ཁག་གི་གངས་གཤོང་བཞིན་ཡོད་པས། ཡུལ་སྐོར་བ་རྣམས་ཀྱི་འགྲོ་འོང་ལ་སྟབས་མི་བདེ་བ་བཟོས་ཡོད་ཚེ་དགོངས་འགལ་མེད་པར་ཞུ། 



  ཡུལ་སྐོར་བ་རྣམས་ཀྱིས་རང་ཉིད་ཀྱི་འགྲོ་སྐྱོད་དུས་ཚོད་བཀོད་སྒྲིག་ཡག་པོ་བྱ་དགོས་པ་དང་། མཛེས་ལྗོངས་ཁུལ་གྱི་སྒོ་དབྱེ་དང་སྤ་སེ་བཙོང་བའི་དུས་ཚོད་གཞུང་ཕྱོགས་ཀྱི་དྲ་ཚིགས་སོགས་ནས་བརྡ་ཐོ་གཏང་རྒྱུ། 

གལ་ཏེ་ཉེན་ཁ་དང་ཛ་དྲག་གི་གནས་ཚུལ་ལ་འཕྲད་ན་གཤམ་གྱི་འབྲེལ་གཏུག་བྱེད་ས་འབྲེལ་བ་གནང་རོགས། 

ཁ་པར། ༠༨༩༢-༨༢༦༣༠༡༣   ༡༩༨༨༩༢༢༨༨༤༨    ༡༥༩༦༢༩༢༥༦༧༨

  • 顶