རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་གྱི་གསལ་བསྒྲགས།

2025-10-05
466

  ཟླ་9ཚེས་26ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་དོན་དུ། ཉེ་དུས་ཁྲིམས་འགལ་ལས་ཁུངས་ཀྱིས་ཁྲིམས་ལས་འགལ་ཏེ་“རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མི་དོན་སིའི་རྩལ་ནུས་གསལ་འབྱེད་ཆེད་སྤྱོད་ཐམ་ག་”དང་“འཕྲོད་བསྟེན་བདེ་ཐང་ལས་རིགས་ཀྱི་ལས་རིགས་རྩལ་ནུས་གསལ་འབྱེད་མཛུབ་ཁྲིད་ལྟེ་གནས་”ཀྱི་གཞུང་ཐམ་བརྒྱབ་པའི་“ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་”ཁྲིམས་ལས་འགལ་ཏེ་སྤྲད་ཡོད་པ་འབྲེལ་ཡོད་སྡེ་ཚན་གྱིས་ཤེས་རྟོགས་བྱུང་བས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མི་དོན་སིའི་གསལ་བསྒྲགས་སྤེལ་དོན་དུ། 

1.རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མི་དོན་སིས་“རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མི་དོན་སིའི་རྩལ་ནུས་གསལ་འབྱེད་ཆེད་སྤྱོད་ཐམ་ག་”བཟོ་བ་དང་བཀོལ་སྤྱོད་བྱེད་རིགས་བྱེད་མྱོང་མེད། 

2.རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་“འཕྲོད་བསྟེན་བདེ་ཐང་ལས་རིགས་ཀྱི་ལས་རིགས་རྩལ་ནུས་གསལ་འབྱེད་མཛུབ་ཁྲིད་ལྟེ་གནས་”ཀྱི་སྒྲིག་གཞི་གཏན་ནས་འཛུགས་མྱོང་མེད།

  • 顶