རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་འཛད་སྤྱོད་འཁྲུག་ཆ་དོད་པ།

2025-10-04
401



   རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་ཁྱོན་ངལ་གསོ་ཉིན་8ཡོད་པས། འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་པ་དང་། འཛད་སྤྱོད་བྱེད་ཐབས་སྣ་མང་ཅན་དུ་གྱུར་ཞིང་། མྱོང་རོལ་རྣམ་པ་དེ་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད།

གཅིག ཚན་རྩལ་གྱིས་ཡུལ་སྐོར་ལ་རམ་འདེགས་བྱས་པ།

     ཧྥུ་ཅན་ཐའེ་མུའུ་ཧྲན་རི་བོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་རུས་སྒྲོམ་རི་འཛེགས་ཡོ་བྱད་མཁོ་འདོན་བྱས་པས། རི་འཛེགས་ལ་སྟབས་བདེ་ཚད་མེད་བསྐྲུན་པ་དང་། ཆབས་ཅིག་མི་མེད་གནམ་གྲུས་ཟ་མ་སྐྱེལ་བས་དུས་ཐུང་སྐར་མ་20ཡི་ནང་རི་རྩེར་འབྱོར་གྱི་ཡོད། ཧུའུ་པེ་ཨན་ཧྲེ་གྲོག་རོང་ཆེན་མོས་རུས་སྒྲོམ་རི་འཛེགས་ཡོ་བྱད་སྤྱད་པས། ཡུལ་སྐོར་བ་ཚོའི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད།

གཉིས། སྟོན་བསྡུའི་མྱོང་རོལ་ལེགས་པས་ཞིང་ནང་སྤྲོ་སྐྱིད་ཚོར་བ།

     འབྲས་ལྡན་སྟོན་གྱི་དུས་འདིར་སྟོན་བསྡུར་མྱོང་རོལ་བྱེད་པ་དེ་ངལ་གསོའི་རིང་གི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། ཧོ་པེ་ཆིང་ཧོང་ཏའོ་དང་ཧྥུ་ཅན་ཀྲང་ཀྲོའུ་སོགས་ཀྱིས་བརྔ་བསྡུའི་འགྲན་བསྡུར་དང་། ཤིང་ཏོག་འཐུ་བ་སོགས་ཀྱི་བྱེད་སྒོ་སྤེལ་བས་གྲོང་ཁྱེར་གྱི་འཚོ་བར་གོམས་པའི་ཁྱིམ་ཚང་ལ་ཞིང་ནང་ལོ་ལེགས་ཀྱི་དགའ་སྤྲོ་མྱོང་རྒྱུ་བྱུང་ཞིང་། རྒྱུན་གཏན་དང་མི་འདྲ་བའི་ངལ་གསོ་ཞིག་ལ་རོལ་ཡོད།

གསུམ། གློག་འོད་ཀྱི་སྟོན་མོ་བཤམས་པས་ཀུན་གྱི་ཡིད་དབང་བཀུག་པ།

     ཧུའུ་ནན་ཀྲང་ཅ་ཅེ་ཐན་མན་ཧྲན་མཛེས་ལྗོངས་ཁུལ་དུ་མཚན་མོ་གློག་འོད་ཀྱི་འཁྲབ་སྟོན་སྣ་ཚོགས་བྱས་པས་ཡུལ་སྐོར་བ་ཚོར་མིག་གི་སྟོན་མོ་གཟབ་རྒྱས་བཤམས་ཡོད། གཞན་ད་དུང་། ཧོ་ནན་ཨན་དབྱང་སོགས་ཀྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གིས་སྲོལ་རྒྱུན་གྱི་སྒྱུ་རྩལ་མྱོང་རོལ་དང་། རིག་གནས་འགྲེམ་འཁྲབ་སོགས་བྱེད་སྒོ་སྤེལ་བས་ཡུལ་སྐོར་བ་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་བ་དང་ཆབས་ཅིག་ངལ་གསོའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་མངོན་པར་བྱས་ཡོད་པ་རེད།

  • 顶