
ཚེས་29ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་གྱིས་ཏུའོ་ཧ་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཐད་ཁ་ཐར་ལ་དགོངས་དག་ཞུས་པ་རེད།
ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་གྱིས་ཁ་ཐར་གྱི་བདག་དབང་ལ་བཙན་གནོད་བྱས་པར་འཕངས་སེམས་དང་བཅས་“དབྱི་སི་རལ་གྱིས་སླད་ཕྱིན་འཇབ་རྒོལ་དེ་རིགས་བྱེད་མི་སྲིད་”ཅེས་བཤད་ཡོད་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་ཡིན་པའི་མུའུ་ཧན་མོ་ཏི་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་29ཉིན་ཁ་པར་བརྒྱབ་ནས་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་གྱིས་ཁ་ཐར་གྱི་རྒྱལ་ས་ཏུའོ་ཧ་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཐད་དགོངས་དག་ཞུས་པ་རེད།
ཁ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཁ་པར་བརྒྱབ་པ་དེ་“ཨ་རིས་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ཀྱི་ཤུགས་རྐྱེན་ཐག་གཅོད་བྱ་ཆེད་འབད་བརྩོན་བྱས་པ་རེད་”ཅེས་བཤད་ཡོད་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ནེ་ཐ་ཉི་ཡ་ཧུའུ་ཡིས་དབུ་བཞུགས་བློན་ཆེན་མུའུ་ཧན་མོ་ཏི་ལ་དབྱི་སི་རལ་གྱི་མཁའ་རྒོལ་དམིགས་འབེན་ནི་ཕ་ལེ་སི་ཐན་དབྱི་སི་ལན་གྱི་འགོག་རྒོལ་ལས་འགུལ་(ཧ་མ་སི་)ཡིན་པ་ལས་ཁ་ཐར་མ་ཡིན་པ་ཁག་ཐེག་བྱས་ཡོད།
འཕྲིན་སྟེགས། weikangba