ཞི་ཅིན་ཕིང་གིས་ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ལ་འཕྲིན་ལན་སྤྲིངས།

2025-10-02
389

  ཞི་ཅིན་ཕིང་གིས་ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས།  རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་ལ་དམིགས་ནས་འཇོན་མི་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་ནས་སྔར་ལས་ལྷག་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཞབས་ཞུ་སྒྲུབ་དགོས་ཞེས་ནན་གསུང་གནང་།

   ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཐེན་ཅིན་སློབ་ཆེན་བཙུགས་ནས་ལོ་བརྒྱ་དང་སུམ་ཅུ་འཁོར་བའི་མཚམས་སུ། དགེ་སློབ་དང་ལས་བཟོ། དེ་མིན་རྒྱ་ཆེའི་མཐར་ཕྱིན་ཚར་བའི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་འགོ་འཛུགས་ས་གསར་པའི་ཐོག ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་བསྒྱུར་བཅོས་བཅས་ཟབ་སྤེལ་གཏོང་བ་དང་།  རྨང་གཞིའི་ཞིབ་འཇུག་དང་ལག་རྩལ་ཐད་ཀྱི་དཀའ་གནད་སེལ་རྒྱུར་ཤུགས་རྒྱག་པ། འཇོན་མི་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། སྔར་ལས་ལྷག་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཞབས་ཞུ་ཡག་མོ་བསྒྲུབས་ཏེ།  སློབ་གསོ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ཚན་རྩལ་དར་རྒྱས་ཆེ་བའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ། དེ་མིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་གསུང་གནང་།

  ཐེན་ཅིན་སློབ་ཆེན་ནི་དེ་སྔོན་གྱི་པེ་དབྱང་སློབ་ཆེན་ཡིན་ལ། ཆིག་སྟོང་བརྒྱད་བརྒྱ་གོ་ལྔ་ལོར་བཙུགས་ཤིང་། རང་རྒྱལ་གྱི་དེང་རབས་སློབ་ཆེན་དང་པོ་རེད། ཆིག་སྟོང་དགུ་བརྒྱ་ང་གཅིག་ལོར་ཐེན་ཅིན་སློབ་ཆེན་ཞེས་པར་མིང་བསྒྱུར། ཉེ་ཆར། ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ལོ་ངོ་བརྒྱ་དང་སུམ་ཅུའི་རིང་སློབ་གྲྭའི་སློབ་གཉེར་གྱི་ལོ་རྒྱུས་དང་ཉེ་བའི་ལོ་ཤས་རིང་སློབ་གྲྭར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་སྙན་སེང་ཞུས་ཡོད་པ་དང་།  བློ་ཐག་རྦད་ཆོད་ཀྱིས་འཇོན་མི་རང་བདག་གསོ་སྐྱོང་དང་ཚན་རྩལ་རང་རང་སྟོབས་རང་སྤེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་སློབ་གསོ་དར་རྒྱས་ཆེ་བའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་དེ་བས་མང་པོ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད། 

  • 顶