
ཡོ་རོབ་དང་ས་དབུས་རྒྱ་མཚོའི་ས་ཡོམ་ལྟེ་གནས་ཀྱི་སྙན་ཞུར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་28ཉིན་གྱི་ཆུ་ཚོད་17དང་སྐར་མ་53ཐོག ཆི་ལིའི་བྱང་རྒྱུད་དབྱི་ཅི་ཁེ་ས་ཁུལ་ཆེན་པོར་ས་ཡོམ་རིམ་པ་5.2ཐོན་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་64ཡོད་པ་རེད། གནས་སྐབས་སུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་མེད།
འཕྲིན་སྟེགས། weikangba