ཨ་རིའི་ཆོས་ཁང་ཞིག་ལ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་འདུག

2025-09-30
1483


  ས་གནས་དེ་གའི་དུས་ཚོད་ཟླ་༩པའི་ཚེས་༢༨ཉིན་ཉེན་རྟོག་ཕྱོགས་ཀྱིས་ཨ་རིའི་སྨི་ཞེ་ཀེན་མངའ་སྡེའི་ཏ་པུའུ་ལན་ཁེ་གྲོང་ཁྱེར་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ནང་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བཞི་མང་དུ་སོང་བ་དང་ཉེས་གསོག་དོགས་ཅན་ཚུད་པའི་ཁྱོན་མི་ལྔ་རྐྱེན་ལམ་དུ་ཤོར་བ་གསལ་བསྒྲགས་བྱས།

  ཆ་འཕྲིན་གཞན་ཞིག་ལས་བཤད་པ་ལྟར་ན། དོགས་ཡོད་མི་སྣས་མེ་མདའ་བརྒྱབ་པའི་དོན་རྐྱེན་བཟོས་རྗེས་དོན་རྐྱེན་བྱུང་ཡུལ་གྱི་ཆོས་ཁང་མེར་བསྲེགས་པ་དང་། མིག་སྔར་ཆོས་ཁང་དུ་མེ་སྐྱོན་བྱུང་རྗེས་ཀྱི་འཚོལ་སྐྱོབ་མུ་མཐུད་བྱེད་བཞིན་ཡོད་པ་བསྟན། 

  ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་འབྱུང་ཡུལ་ནས་ཕུང་པོ་འཚོལ་བཤེར་བྱེད་བཞིན་ཡོད་ཀྱང་། མི་སྣ་འགའ་རེ་ད་དུང་འབྲེལ་བ་ཆད་ཡོད་པར་བཤད། མེ་གསོད་སྡེ་ཁག་གིས་ཆོས་ཁང་མེ་རུ་སྦར་རྗེས་རྩ་ནས་འཚིག་ཟིན་པ་མ་ཟད། ཉེས་གསོག་དོགས་ཅན་གྱིས་རླངས་སྣུམ་སྤྱད་ནས་མེ་སྦར་བར་ངོས་འཛིན་བྱས་ཡོད།

   ཨ་རིའི་རྡོ་ཐའི་ཨ་རག་མེ་ཆས་དང་འབར་རྫས་དོ་དམ་ཅུས་ཀྱིས་དོན་རྐྱེན་འབྱུང་ཡུལ་དུ་འབར་གས་སྒྲིག་ཆས་འདྲ་པོ་མཐོང་ཡོད་ཀྱང་། དེ་ནི་མེར་འབར་སྤྱད་བྱས་ཡོད་མེད་ད་དུང་ཐག་ཆོད་མེད་པར་བཤད།

   ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་ནང་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་མ་ཟད། ས་གནས་དེ་གའི་སྤྱི་ཁུལ་གཞན་དག་ལའང་འབར་མདེལ་གྱི་འཇིགས་སྐུལ་མང་པོ་འབྱོར་ཡོད། དེའི་ནང་ཆོས་ཁང་གཞན་དག་འགའ་ཡང་ཚུད་པ་བསྟན།

   མངའ་སྡེའི་ཉེན་རྟོག་པས་བརྟག་དཔྱད་བྱས་ཟིན་པ་དང་མིག་སྔར་འཇིགས་སྐུལ་ཁག་ཅིག་མེད་པར་བཟོས་ཡོད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་མང་ཚོགས་ཀྱིས་དོགས་ཟོན་བྱེད་དགོས་པ་དང་། དོགས་པ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་སྙན་ཞུ་འབུལ་དགོས་པའི་དྲན་སྐུལ་བཏང་ཡོད་པ་རེད།

  • 顶