ཞི་ཅིན་ཕིང་གིས་ཁུ་པའི་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། ཁུ་པའི་རྒྱལ་ཁབ་ཀྲུའུ་ཞི་དང་ཀྲུང་གོ་དང་ཁུ་པའི་བར་ཕྱི་འབྲེལ་བཙུགས་ནས་ལོ་རེ་ལྔ་འཁོར་བར་ཕན་ཚུན་ཤིས་འཕྲིན་སྤྲིངས་ཤིང་། ལི་ཆང་གིས་ཁུ་པའི་ཙུང་ལི་དང་ཕན་ཚུན་ཤིས་འཕྲིན་སྤྲིངས།

2025-09-30
212

  ཟླ་བ་དགུ་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པའི་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནའེ་ཨར་དང་ཕན་ཚུན་ཤིས་འཕྲིན་སྤྲིངས་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་རེ་ལྔ་འཁོར་བར་རྟེན་འབྲེལ་ཞུས་པ་རེད། 

  ཞི་ཅིན་ཕིང་གིས་ལོ་རེ་ལྔའི་སྔོན་དུ་ཁུ་པས་སའི་གོ་ལ་ནུབ་མའི་རྒྱལ་ཁབ་ནང་ཀྲུང་གོ་གསར་པ་དང་ཐོག་དང་པོར་ཕྱི་འབྲེལ་བཙུགས་ཏེ། ཀྲུང་གོ་དང་ཁུ་པའི་འབྲེལ་བའི་རྣམ་པ་གསར་པ་གཏོད་ཡོད། ལོ་རེ་ལྔའི་རིང་ལ་ཀྲུང་གོ་དང་ཁུ་པའི་འབྲེལ་བར་འཕེལ་རྒྱས་ཟབ་མོ་བྱུང་ནས། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་ལྷད་མེད་རོགས་རེས་ཀྱི་དཔེ་སྟོན་དུ་འཆགས། ཉེ་བའི་ལོ་ཁ་ཤས་ནང་ལ་ངས་བློ་མཐུན་ཀྲུའུ་ཞི་དང་མཉམ་དུ་འབྲེལ་བ་ཟབ་མོ་བྱེད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བར་སྣེ་ཁྲིད་ཡོད། ཉེ་ཆར་བློ་མཐུན་ཀྲུའུ་ཞིས་ཀྲུང་གོ་རུ་ཕེབས་ནས་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་རྟེན་འབྲེལ་ཞུ་པའི་བྱེད་སྒོའི་ནང་ཞུགས་པས། ངས་ཁྱེད་དང་མཉམ་དུ་སླར་ཡར་ཞལ་འཛོམས་བྱས་ནས་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་སྔ་ལས་དམ་ཟབ་འཛུགས་པར་ལྟ་བ་གཅིག་མཐུན་གལ་ཆེན་བྱུང་ཡོད་ཅེས་གསུངས། 

     ཞི་ཅིན་ཕིང་གིས་ངས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་པོ་བྱེད་ཀྱིན་ཡོད་ལ།ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་རེ་ལྔ་འཁོར་བ་དེ་འགོ་ཚུགས་ས་གསར་པར་བྱེད་དེ། སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན། ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་ཟབ་སྤེལ། འཕེལ་རྒྱས་མཉམ་ལས་ཆ་ཚང་སྒོས་ལག་བསྟར། ཁྱོན་ཡོངས་འཐབ་ཇུས་རམ་འདེགས་ཇེ་དྲག་གཏོང་བ། རྒྱལ་སྤྱིའི་དྲང་བདེན་དྲང་གཞག་མཉམ་དུ་སྲུང་སྐྱོང་བྱས་་ནས་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་གྲུབ་འབྲས་གསར་པ་ཐོབ་པར་བྱ་ཡིན་ཞེས་ནན་གསུང་གནང་། 

      ཏི་ཡ་སི་ཁ་ནའེ་ཨེར་གྱིས་ཁུ་པའི་གསར་བརྗེའི་འགོ་ཁྲིད་པ་དམག་དཔོན་ཆེན་པོ་ལའོ་ཨེར་དང་མཉམ་དུ་ཤིས་འཕྲིན་སྤྲིངས་ཏེ། ལོ་དྲུག་ཅུ་ལྷག་གི་རིང་ལ་ཁུ་པ་དང་ཀྲུང་གོའི་འབྲེལ་བ་ལ་དུས་ཚོད་ཀྱིས་ཉམས་སད་ཐེབས་ནས་མུ་མཐུད་ནས་འཕེལ་རྒྱས་བྱུང་། ཕྱོགས་གཉིས་ཀའི་བར་ཆབ་སྲིད་ཡིད་ཆེས་ཇེ་ཟབ། སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་གི་ཉམས་མྱོང་སྤེལ་རེས་ཟབ་མོ། སྲོལ་རྒྱུན་གྱི་སྤུན་ཟླའི་མཛའ་བརྩེ་དང་མཛའ་བརྩེའི་མཉམ་ལས་རྒྱུན་མི་ཆད་པར་སྲ་བརྟན་བྱུང་། ཁུ་པས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ། ཁུ་པ་དང་ཀྲུང་གོའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བརྟན་པོ་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་པ་ཡིན་ཞེས་གསུངས། 

     ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁུ་པའི་ཙུང་ལི་མ་ལའེ་ལུའོ་དང་ཕན་ཚུན་ཤིས་འཕྲིན་སྤྲིངས་རེས་གནང་། ལི་ཆང་གིས་ངས་བློ་མཐུན་ཙུང་ལི་དང་འབྲེལ་བ་ཟབ་མོ་སྤེལ་བ་དང་། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་རེ་ལྔ་འཁོར་བར་གོ་སྐབས་སུ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འགོ་འཛིན་བར་འཆགས་པའི་ལྟ་བ་གལ་ཆེན་གཅིག་མཐུན་ལག་བསྟར་ཡག་མོ་བྱེད་པ། ཆུ་ཚད་མཐོན་པོའི་ཆབ་སྲིད་ཡིད་ཆེས་དེ་དོན་གཉེར་མཉམ་ལས་གྱི་གྲུབ་འབྲས་སུ་བསྒྱུར་གང་ཐུབ་བྱེད་དེ། ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་ནང་དོན་ཇེ་ཟབ་གཏོང་ཡིན་ཞེས་གསུངས། མ་ལའེ་ལུའོ་ཡིས་ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བར་འཆགས་པའི་ལྟ་བ་གཅིག་མཐུན་ལག་བསྟར་བྱེད་པ། ཕྱོགས་གཉིས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་ཁྱབ་ཁོངས་སོ་སོའི་ནང་གི་ཕྱོགས་གཉིས་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 

  • 顶