ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭ་སྟེ་སྲིད་འཛིན་སློབ་གླིང་གི་ལས་ཀར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་སྟེ་སྲིད་འཛིན་སློབ་གླིང་གི་ཏང་ཀྲུང་དབྱང་གི་གྲོས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་དང་ལས་འགན་ནན་བསྒྲུབས་ཤིང་། རྒྱུན་ཆད་མེད་པར་སློབ་གསོ་ཚན་རིག་ཞིབ་འཇུག་སྤུས་ཀ་མཐོར་འདེགས་བཏང་ནས། ལས་ཀ་སོ་སོར་གྲུབ་འབྲས་དང་ཕན་ནུས་གསར་པ་ཐོབ་ཡོད་པར་བསྟན།
ཞི་ཅིན་ཕིང་གིས་རྒྱང་སྐྱོད་གསར་པའི་ཐོག རིམ་པ་སོ་སོའི་ཏང་གི་སློབ་གྲྭ་སྟེ་སྲིད་འཛིན་སློབ་གླིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱེད་ཅིང་། ཏང་གི་སློབ་གྲྭས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་སློབ་གྲྭས་ཐོག་མའི་དམ་བཅའ་ཡིད་ལ་དམ་པོ་བཟུང་ནས། སྔར་བས་ཏང་ལ་ཤེས་འཇོན་གསོ་སྐྱོང་དང་། ཏང་ལ་ཐབས་འདོན་ཇུས་འབུལ་བྱེད་དགོས། སློབ་གསོ་བཅོས་བསྒྱུར་ཇེ་ཟབ་བཏང་ནས། ཏང་གི་རིགས་གཞུང་སློབ་གསོ་དང་ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པ་གསོ་སྦྱོང་འབུར་དུ་ཐོན་དགོས་ལ། སློབ་གསོ་གསབ་སྦྱོང་ཐད་གནད་ལ་ཕོག་པའི་ནུས་པ་ཆེན་པོ་ཐོབ་དགོས། ཏང་གི་གསར་གཏོད་རིགས་གཞུང་མ་ལག་ཅན་དང་གཞུང་ལུགས་ཅན་གྱི་ཞིབ་འཇུག་འགྲེལ་བརྗོད་ཇེ་དྲག་བཏང་ནས། རིག་མཛོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གི་སློབ་གྲྭ་ནན་གྱིས་སྐྱོང་བ་དང་། སྤུས་ཀ་ལ་བརྟེན་ནས་སློབ་གྲྭ་འཛུགས་སྐྱོང་རྒྱུན་འཁྱོངས། ལས་བྱེད་པ་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཇེ་དྲག་གཏོང་བ་དང་། སློབ་མའི་དོ་དམ་ལྟ་སྐུལ་ཇེ་དྲག་གཏོང་བ་བཅས་བྱས་ནས་སློབ་འཛུགས་སློབ་སྐྱོང་གི་ཆུ་ཚད་མཐོར་འདེགས་གཏོང་ཧུར་ཐག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་རྩ་འཛུགས་དང་འགོ་ཁྲིད་ཇེ་དྲག་གཏོང་བ་དང་། ཐོན་ཁུངས་སྟོབས་ཤུགས་གཅིག་སྡུད། རྒྱབ་སྐྱོར་འགན་སྲུང་ནུས་པ་ཇེ་དྲག་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཏང་གི་སློབ་གྲྭ་སྟེ་སྲིད་འཛིན་སློབ་གླིང་བྱ་གཞག་འཕེལ་རྒྱས་སྤུས་མཐོར་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།
རྒྱལ་ཡོངས་ཏང་གི་སློབ་གྲྭ་སྟེ་སྲིད་འཛིན་སློབ་གླིང་གི་ལས་ཀའི་གྲོས་ཚོགས་དེ་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་ལ་པེ་ཅིན་དུ་འཚོགས་པ་རེད། ཀྲུང་དབྱང་ཏང་གི་སློབ་གྲྭའམ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སློབ་གཙོ་ཁྲེན་ཞི་ཡིས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་བརྒྱུད་སྒྲོག་བྱས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་ལས་ཀའི་སྐོར་གྱི་བརྗོད་པ་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་ཞིང་། ཏང་གི་སློབ་གྲྭ་ཏང་གི་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་སློབ་གྲྭའི་ཐོག་མའི་དམ་བཅའི་བླང་བྱ་གཙོ་བོ་ཁོང་དུ་ཆུད་པ། སྤུས་ཚད་མཐོ་བའི་ཤེསའཇོན་པ་དང་ཆུ་ཚད་མཐོ་བའི་ཇུས་འདོན་རྒྱུན་འཁྱོངས་བྱེད་དགོས། གཞི་རྩའི་གསོ་སྦྱོང་ལ་དམིགས་ནས་ལས་བྱེད་པ་དང་ཏང་ཡོན་གྱི་གསོ་སྦྱོང་དམ་འཛིན་བྱེད་པ། བརྗོད་བྱ་གཙོ་བོ་དང་ལམ་ཐིག་གཙོ་བོར་དམིགས་ནས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ཇེ་དྲག་གཏོང་བ། ཁྱོན་ཡོངས་ནས་སློབ་གྲྭ་ནན་གྱིས་སྐྱོང་བ་དང་སྤུས་ཚད་ཀྱིས་སློབ་གྲྭ་སྐྱོང་བ་དང་། རྩ་འཛུགས་ཀྱི་འགན་སྲུང་ཇེ་དྲག་བཏང་ནས་གསོ་སྦྱོང་གི་སྒྲིག་གཞི་གསར་པ་འཆག་པར་བྱེད་དགོས་ཞེས་གསུངས།
ནང་སོག་དང་ཧྲན་ཞི། ཀྲེ་ཅང་། ཧྥུའུ་ཅན། ཀུའེ་ཀྲུའུ་སོགས་ཞིང་ཆེན་རིམ་པའི་ཏང་གི་སློབ་གྲྭའམ་སྲིད་འཛིན་སློབ་གླིང་ལྔ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཡན་ལག་སློབ་གྲྭ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ལྷན་གྱི་ཡན་ལག་སློབ་གྲྭའི་འགན་ཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་ཏང་ཨུའི་ཏང་གི་སློབ་གྲྭའམ་སྲིད་འཛིན་སློབ་གླིང་གི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ནང་ཞུགས་པ་རེད།
འཕྲིན་སྟེགས། weikangba