ལི་ཆང་གིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

2025-09-22
230

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས21ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འཐུས་ཚབ་ཚོགས་པའི་ཧྲི་སྨི་སི་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ། རྒྱུན་མཐུད་འཕེལ་རྒྱས་བཅས་སྲུང་འཛིན་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཐུན། ད་ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐི་ལིང་ཕུའུ་དང་ཐེངས་མང་པོར་ཞལ་པར་བསྐྱོན་ནས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་གླེང་མོལ་དང་མཉམ་ལས་ལ་ཤུགས་བསྣན་ཏེ། དུས་མཚམས་རྗེས་མའི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་ཁྲིད་སྟོན་བྱེད་དགོས་པར་འདོད། ཀྲུང་གོས་ཨ་རིའི་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་བྱེད་འདོད་ཡོད། ཨ་རིའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་བརྒྱུད་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ལག་གདང་སྦྲེལ་ནས་མཉམ་དུ་གོང་འཕེལ་འགྲོ་བའི་གྲོགས་པོ་བྱས་ཏེ། ལྷག་བསམ་ཟོལ་མེད་དང་ཕན་ཚུན་ནུས་སྩོལ། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་ཕྱོགས་དང་མཉམ་དུ་འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་སྙིང་སྟོབས་ལ་གཞིགས་ནས། འབྲེལ་འདྲིས་བརྒྱུད་དེ་སོ་སོའི་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་འདོད་ཡོད། ཨ་རིའི་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དང་ཐུན་མོང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་པའི་རེ་བ་བཅངས་ཡོད།

  • 顶