འོ་མ་འདིའི་རིགས་བཀག་འགོག་བྱ་རྒྱུ་རེད།

2025-09-22
735

  གསར་འགོད་པས་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་༩ཚེས་༡༦ཉིན་ནས་བཟུང་འབུ་ཕྲ་བསད་པའི་འོ་མ་སྟེ། དྲོད་ཚད་རྒྱུན་ལྡན་གྱི་འོ་མ་ལ་ལྷད་མེད་པའི་འོ་མ་རློན་པ་རྒྱུ་ཆ་བྱས་ནས་ཐོན་སྐྱེད་བྱེད་པ་ལས།  བསྐྱར་གསོའི་འོ་མ་བེད་སྤྱོད་བྱ་རྒྱུ་བཀག་འགོག་བྱ་རྒྱུ་རེད་འདུག

ཅི་ཞིག་ནི་བསྐྱར་གསོའི་འོ་མ་ཡིན་ཞེ་ན། 

  བསྐྱར་གསོའི་འོ་མ་ནི་གོ་བདེ་བའི་སྒོ་ནས་བཤད་ན། འོ་མ་སྐམ་ནས་འོ་ཕྱེ་རུ་གྱུར་རྗེས་ཆུ་དང་འོ་མ་བླུགས་ནས་བསྐྱར་དུ་བཟོས་པའི་འོ་མ་ལ་ཟེར་ཞིང་། རིགས་འདི་གཙོ་བོ་ཞོ་སོགས་དྲོད་ཚད་ཧ་ཅང་མཐོ་བའི་འབུ་ཕྲ་བསད་པའི་ཐོན་རྫས་ཁྲོད་བཀོལ་སྤྱོད་བྱེད་བཞིན་ཡོད། 

རྒྱུ་ཆའི་རེའུ་མིག་ནང་གི་འབུ་ཕྲ་བསད་པའི་འོ་མ། པ་ཧྲི་འོ་མ། ལེགས་སྦྱོར་འོ་མ། བསྐྱར་གསོའི་འོ་མ་སོགས་ཇི་ལྟར་དབྱེ་འབྱེད་བྱ་དགོས་ཞེ་ན། 

  འབུ་ཕྲ་བསད་པའི་འོ་མ་ནི་ང་ཚོའི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་ལྷད་མེད་འོ་མ་ལ་གོ་ཞིང་། རིགས་འདིའི་སྤུས་ཚད་འགན་ལེན་དུས་ཡུན་ཐུང་བ་དང་། དྲོད་ཚད་དམའ་བའི་འོག་ཉར་ཚགས་བྱས་པའི་འོ་མ་སོས་པ་དང་བསྡུར་ན་སྤུས་ཚད་འགན་ལེན་དུས་ཡུན་ཟླ་༦ཡན་ཟིན་གྱི་ཡོད་ལ། རྒྱུན་ལྡན་དྲོད་ཚད་འོག་ཉར་ཚགས་བྱས་ཆོག

པ་ཧྲི་འོ་མ་ནི་པ་ཧྲི་ཡིས་འབུ་ཕྲ་བསད་རྗེས་དྲོད་ཚད་དམའ་བའི་འོ་མ་སོས་པ་ལ་གོ

ལེགས་སྦྱོར་འོ་མ་ནི་འོ་མའི་རྨང་གཞིའི་ཐོག་བཟའ་བཅའི་སྦྱོར་རྟ་བླུགས་ཡོད་པའི་འོ་མ་ལ་གོ

བསྐྱར་གསོའི་འོ་མ་ནི་འོ་ཕྱེ་སྐམ་པོར་ཆུ་བསྣན་རྗེས་བསྐྱར་དུ་བཟོས་བའི་འོ་མ་ལ་ཟེར། 图片

བསྐྱར་གསོའི་འོ་མ་བཀག་འགོག་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། 

འཚོ་བཅུད་ཀྱི་ཐད་ནས་བལྟས་ན་བསྐྱར་གསོའི་འོ་མ་བླུགས་ཡོད་པའི་འོ་མར་ཚ་དྲོད་ཅན་གྱི་ལས་སྣོན་ཐེངས་མང་བྱས་ཡོད་པ་དང་། གསོན་ཤུགས་ཅན་གྱི་ཀལ་དང་། འོ་མ་དང་ལྕགས་རྒྱུ། སྤྲི་དཀར་སོགས་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་ཤོར་ཡོད་ལ། བྲོ་བ་དང་འཚོ་བཅུད་ཀྱི་རིན་ཐང་ཡང་དེ་འདྲའི་མཐོན་པོ་མེད། དེར་བརྟེན་ཐད་ཀར་འོ་མ་སོས་པས་ལས་སྣོན་བྱས་པའི་ཐོན་རྫས་ནི་བསྐྱར་གསོའི་འོ་མས་ལས་སྣོན་བྱས་པའི་ཐོན་རྫས་ལས་འཚོ་བཅུད་ཀྱི་རིན་ཐང་མཐོ་ལ་བྲོ་བ་ཞིམ། 


  • 顶