ཟླ་9ཚེས་16ཉིན། ལྷ་ས་གྲོང་ཁྱེར་དུ་རླུང་རྟ་རྒྱུག་པའི་གྲོང་མི་ཞིག་བོད་རང་སྐྱོང་ལྗོངས་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་སུ་སླེབས་པ་དང་། ལུས་རྩལ་རྒྱན་ཤོག་གི་རོལ་རྩེད་ཆེན་པོའི་བྱ་དགའ་ཆེན་པོ་སྒོར་ཁྲི་750ཐོབ་པ་ལམ་ལྷོང་ངང་བླངས།

ཤེས་རྟོགས་བྱུང་བར་གཞིགས་ན། བྱ་དགའ་ཐོབ་མཁན་ནི་ཡུན་རིང་ལུས་རྩལ་རྒྱན་ཤོག་ལ་དོ་ཁུར་བྱེད་མཁན་གྲོང་མི་ཞིག་ཡིན་པ་རེད། བྱ་དགའི་དངུལ་བརྗེས་འགྲོ་ལུགས་འགྲིམ་སྐབས། ཁོ་པས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གསར་འགོད་པར། ང་རང་གིས་རྒྱན་ཤོག་གི་ཨང་གྲངས་ལ་ཐེངས་མང་ཞིབ་བསྡུར་བྱས་རྗེས། ད་གཟོད་བྱ་དགའ་ཆེན་པོ་ཐོབ་པར་ཡིད་ཆེས་བྱུང་ཟེར་བ་དང་། ཁོང་གིས་“དེ་ནི་བསམ་ཡུལ་ལས་འདས་པའི་དགའ་འོས་པ་ཞིག་རེད་”ཅེས་དང་། “དུས་རྒྱུན་རྒྱན་ཤོག་ཉོ་བ་ནི་གོམས་གཤིས་ཙམ་ལས་བྱ་དགའ་ཆེན་པོ་དེ་འདྲ་ཐོབ་རྒྱུ་རེད་བསམས་མ་མྱོང་”ཅེས་ཟེར།
བྱ་དགའི་དངུལ་ཇི་ལྟར་སྤྱོད་མིན་སྐོར་གླེང་སྐབས། བྱ་དགའ་ཐོབ་མཁན་གྱིས་ཐོབ་དཀའ་བའི་རྗེས་དཔག་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་མངོན་ཡོད། ཁོང་གིས་བསམ་ཡུལ་ལས་འདས་པའི་རྒྱུ་ནོར་འདིའི་དབང་གིས་དུས་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་གཏོང་མི་སྲིད་པ་མ་ཟད། བྱ་དགའི་དངུལ་ཁག་གཅིག་སྤྱི་ཕན་བྱ་གཞག་ལའང་སྤྱོད་རྒྱུའི་ཁས་ལེན་བྱས་པ་རེད། ཁོང་གིས་“སྤྱི་ཚོགས་ཀྱི་ཆེད་དུ་ནུས་ཤུགས་གང་ཡོད་ཀྱིས་བྱ་བ་བསྒྲུབས་ནས་རོགས་རམ་ངོ་མ་བྱེད་དགོས་པའི་མི་དེ་དག་ལ་རོགས་རམ་བྱེད་རྒྱུའི་བསམ་འདུན་ཡོད་”ཅེས་ཟེར།
བོད་རང་སྐྱོང་ལྗོངས་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་ཀྱི་ལས་དོན་མི་སྣས་བྱ་དགའ་ཐོབ་མཁན་དེའི་རྒྱན་ཤོག་གི་ཆ་འཕྲིན་དོན་དངོས་དང་གོ་ཆོད་ཡིན་པ་མ་ཟད། བྱ་དགའ་བརྗེ་བའི་འགྲོ་ལུགས་ཀྱང་འགྲིམས་པའི་ངོས་འཛིན་བྱས་པ་རེད།
དེ་དང་ཆབས་ཅིག་གོ་སྐབས་དེ་དང་བསྟུན་ནས་རྒྱ་ཆེའི་གྲོང་མི་ཚོར། རྒྱན་ཤོག་ཉོ་བར་རྗེས་དཔག་དགོས་པ་དང་། བྱ་དགའ་ཐོབ་པ་ནི་རླུང་རྟ་ཡིན་པ་དང་། སྤྱི་ཕན་ནི་ཐོག་མའི་དམིགས་ཡུལ་ཡིན་པ་དྲན་སྐུལ་ཞུས་པ་རེད།
འཕྲིན་སྟེགས། weikangba