དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད་བྱེད།

2025-09-16
399

  རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཡུམ་ཆུ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་འབབ་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་མོ་དང་མཐུན་སྦྱོར་ཆེན་མོ་མུ་མཐུད་དེ་ལེགས་བསྒྱུར་བཏང་ནས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་དགོས་ཞེས་ནན་གསུང་གནང་། ད་ལོ་ནས་རང་རྒྱལ་གྱིས་རྨ་ཆུ་འབབ་རྒྱུན་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཇེ་ལེགས་གཏོང་བ་དང་། ཆུའི་བདེ་འཇགས་འགན་སྲུང་ནུས་པ་ཇེ་དྲག་བཏང་ནས། རྨ་ཆུ་འབབ་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་བཞིན་ཡོད།

  རྨ་ཆུའི་རྦ་རླབས་རྒྱང་ནས་རྒྱང་དུ་མངོན་པར་འཕྱུར་ཞིང་། ད་ལོ་ནས་བཟུང་རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་ཇེ་མགྱོགས་བྱེད་ཀྱིན་ཡོད་དེ། སྟོད་རྒྱུད་ཀྱི་ཆུ་འགོ་རུ་མཚོ་སྔོན་གྱིས་ཉེ་ཆར་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་ལག་བསྟར་འཆར་འགོད་བསྒྲགས་ནས། སྐྱེ་ཁམས་སྲུང་སྐྱོང་གི་སྤྱིའི་སྤུས་ཀ་དང་ནུས་པ་ཇེ་མཐོར་གཏོང་བཞིན་ཡོད། དབུས་རྒྱུད་དུ་ཞའོ་ལིའང་ཏིའི་ཆུ་མཛོད་ཀྱི་ཞོད་དུས་བྱེ་ཆུ་ལེགས་སྒྲིག་བྱེད་བཞིན་ཡོད་ལ། མཛོད་ཆུ་གཏོང་བ་དང་དུས་མཚུངས་སུ། སྨད་རྒྱུད་ཀྱི་ཆུ་རགས་ཡག་གཤོང་བས། ཆུ་གཤོང་ནུས་པ་ཇེ་དྲག་གཏོང་གིན་ཡོད། སྨད་རྒྱུད་དུ་༢༠༢༥ལོའི་རྨ་ཆུ་འབྲི་ཆུ་ཟུར་གསུམ་གླིང་དུ་རང་བྱུང་སྲུང་སྐྱོང་ཁུལ་སྐྱེ་ཁམས་ཆུ་གསབ་སྔོན་ནས་གྲུབ་ཚར་ཏེ། བསྡོམས་པས་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་བཅུ་དྲུག་དང་བྱེ་བ་བཞི་ས་ཡ་གཉིས་སྐྱེ་ཁམས་སུ་གསབ་འདྲེན་བྱས་ཡོད།

  རྨ་ཆུ་འབབ་རྒྱུན་ནི་རང་རྒྱལ་གྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དུ་ཆགས་པ་དང་། མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་། ཧྭ་བྱང་བདེ་ཐང་སྦྲེལ་བའི་སྐྱེ་ཁམས་ཡོལ་ཆེན་ཞིག་ཏུ་གྲུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་ལ་དམིགས་ནས། རྨ་ཆུ་འབབ་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ནི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་དུ་བཞག་ཡོད་དེ། གཙང་གསུམ་འགོ་ཁུངས་དང་རྒྱ་མཚོའི་ནང་བཞུར་ས་རུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་འབབ་རྒྱུན་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་རུ་རྟོག་ཞིབ་ཐེངས་མ་སུམ་ཅུ་ལྷག་གནང་བ་དང་། རྨ་ཆུ་འགྲན་རྒྱུད་ཀྱི་ཞིང་ལྗོངས་དགུ་རུ་ཕེབས་ཞིང་།བཞུར་རྒྱུན་གྱི་སྟོད་སྨད་བར་གསུམ་ནས་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་འཚོགས་ཏེ། སྐུ་དངོས་སུ་འཆར་འགོད་དང་བཀོད་སྒྲིག རྨ་ཆུ་འབབ་རྒྱུན་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་ཆེན་མོ་ལག་བསྟར་གནང་བ་རེད།

  ༢༠༢༤ལོའི་ཟླ་བ་དགུ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལན་ཀྲོའུ་རུ་ཁྱོན་ཡོངས་ནས་རྨ་ཆུའི་བཞུར་རྒྱུན་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། རྨ་ཆུའི་བཞུར་རྒྱུན་སྐྱེ་ཁམས་སྲུང་སྐྱོང་ཆེན་མོ་དང་མཐུན་སྦྱོར་ཆེན་མོ་རྒྱུན་མཐུད་དུ་འཐུས་ཚང་བཏང་ནས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས།  རྨ་ཆུ་བཅོས་སྐྱོང་གི་མ་ལག་རང་བཞིན་དང་གཞི་གཅིག་རང་བཞིན། མཐུན་སྦྱོར་རང་བཞིན་འབུར་ཐོན་ཡོང་དགོས་པ་ནན་བསྟན་གནང་ཞིང་། ཚང་མར་མཉམ་དུ་རྨ་ཆུ་སྲུང་སྐྱོང་ཡག་པོ་བྱས་ནས། ཡུམ་ཆུ་ཆེན་མོས་བུ་རབས་ཚ་རྒྱུད་ལ་ཕན་འདོགས་ཏུ་འཇུག་པའི་ཞལ་གདམས་གནང་བ་རེད།

  ཞི་ཅིན་ཕིང་གིས་ད་ལྟར་རྨ་ཆུ་ཤིན་ཏུ་མཛེས་ལ། མ་འོངས་པར་དེ་ལས་ཀྱང་མཛེས་པར་འགྱུར་ངེས་རེད་ཅེས་གསུངས། རྨ་ཆུའི་བཞུར་རྒྱུན་གྱི་འབུད་ཐོན་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པར། རང་རྒྱལ་གྱིས་སྟོད་རྒྱུད་སྲུང་སྐྱོང་དང་བར་རྒྱུད་བཅོས་སྐྱོང་། སྨད་རྒྱུུད་སླར་གསོ་གཏོང་བའི་རྩ་དོན་ལྟར། རྨ་ཆུའི་སྲུང་སྐྱོང་བཅོས་སྐྱོང་གི་ཀ་བཞི་གདུང་བརྒྱད་བསྐྲུན་པ་དང་། རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་ཞིང་། ས་བབ་ཀྱི་ཁྱད་ཆོས་དང་བསྟུན་ནས་འདམ་བསྐྱུར་ཆུ་རགས་དང་། ཆུ་བོ་འབྲིང་ཆུང་བཞུར་རྒྱུན་བཅོས་སྐྱོང་བྱས་ཏེ། བྱང་གསུམ་ལས་གཞིའི་མཉམ་འགོག་མཉམ་བཅོས་ཇེ་དྲག་བཏང་བ་དང་། ཆུ་འགོའི་ཁུལ་དང་སྟོད་རྒྱུད་ཀྱི་ཆུ་ཁུལ་དུ་ལོ་ཧྲིལ་བོར་ཉ་རྒྱ་བསྡམས་པ་སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། བཞུར་རྒྱུན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་སྐས་རིམ་གསར་པ་སྤོས་པ་རེད།

  ད་ལྟར། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་བཙོག་འབུད་བྱེད་ཡུལ་བཅོས་སྐྱོང་འགྲུབ་ཚད་བརྒྱ་ཆའི་དགུ་བཅུ་ཡན་ལ་བསླེབས་པ་དང་། རྨ་ཆུའི་གཙོ་རྒྱུན་ལ་བསྟུད་མར་ལོ་གསུམ་ནང་བཞུར་རྒྱུན་ཡོངས་ཀྱི་ཆུ་སྤུས་རིགས་གཉིས་པ་རྒྱུན་འཁྱོངས་བྱས་ཡོད་པ་རེད། ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་དུས་མཚུངས་སུ། སྐྱེ་ཁམས་རྒྱུན་ཆད་མེད་པར་ཇེ་ཡག་སོང་། ད་ལོར། བྱང་གསུམ་ལས་གཞིའི་རྨ་ཆུའི་འཁྱོག་གསུམ་འགག་སྒྲོལ་ཡུལ་ཕྱོགས་སུ་ས་གནས་སོ་སོས་མཉམ་འགོག་མཉམ་བཅོས་ལམ་ལུགས་སྐུལ་སྤེལ་བྱས། མའོ་ཝུའུ་སུའུ་བྱེ་ས་རུ། དེ་སྔོན་བདག་པོ་བྱེད་མཁན་མེད་པའི་ས་ཁུལ་གྱི་བྱེ་ས་མཐའ་གཅིག་ཏུ་བཅོས་སྐྱོང་ཐུབ་པ་རེད། རྨ་ཆུ་ཁའི་སྐྱེ་ཁམས་ཞིག་གསོ་ཕན་འབྲས་ཐོན་འགོ་ཚུགས། རྩི་ཤིང་དྲུག་བརྒྱ་ལྷག་གིས་རང་རྒྱལ་མཚོ་འགྲམ་དུ་ཆེས་ཆེ་བའི་བརླན་སའི་རང་བྱུང་རྩི་ཤིང་ཁུལ་ཆགས་པ་རེད།ད་ལྟའི་རྨ་ཆུ་འབབ་རྒྱུད། ཐན་ཞོད་གནོད་འཚེ་འགོག་སྲུང་ནུས་པ་མངོན་གསལ་གྱིས་ཇེ་དྲག་སོང་ཡོད་ལ། མི་འགྱངས་བའི་སྔོན་དུ། རྨ་ཆུའི་ཆུ་བྱེ་སྙོམ་སྒྲིག་མ་ལག་གི་ལྟེ་བའི་ལས་གཞི་ཀུའུ་ཞན་ཆུ་བེད་འགག་རྩའི་ཆུ་འདྲེན་དོང་གི་ཆུ་འགོག་ལམ་དུམ་གྱི་ཐོག་རྩེགས་དང་པོ་ཡོངས་སུ་ཤར་གཏོང་བྱུང་། སྨད་རྒྱུད་ཀྱི་ཆུ་འགོག་ལས་གཞི་ཨར་ལས་གྲུབ་ནས་རྩིས་ལེན་ཐུབ་ཡོད། ཆར་ཆུ་ལྟ་སྐུལ་ཚད་ལེན་ཚོར་ཤེས་མ་ལག་ཕལ་ཆེར་གྲུབ་ཡོད་པས། ནུས་ཤུགས་ཡོད་རྒུས་རྨ་ཆུ་བདེ་འཇགས་སྐྱོང་ཐུབ་ཀྱིན་ཡོད། བརྗིད་ཉམས་ལྡན་པའི་རྨ་ཆུ་རིང་མོ་ཡིས་ཀྲུང་ཧྭ་བདེ་ལ་བཀོད། ད་ལྟར། རྒྱུན་ཆད་མེད་པར་སྲུང་སྐྱོང་དང་བཅོས་སྐྱོང་བྱས་པར་བརྒྱུད། རྨ་ཆུའི་འབབ་རྒྱུད་ཀྱིས་བསྟུད་མར་ལོ་ཉེར་དྲུག་ལ་ཐོགས་མེད་འབབ་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོས་གསོན་ཤུགས་རྒྱས་ནས། མི་དམངས་བདེ་ལ་འགོད་པའི་བདེ་སྐྱིད་ཀྱི་གཙང་པོར་གྱུར་ཡོད།


  • 顶