བྱང་ཆིངས་ཀྱི་དམག་དཔུང་ཕོ་ལན་དུ་བཅའ་སྡོད་བྱ་རྒྱུར་མོས་མཐུན་བྱས།

2025-09-16
314

  ས་གནས་དེ་གའི་དུས་ཚོད་ཚེས་14ཉིན། ཕོ་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་སྤྱི་འབྲེལ་འཕྲིན་སྟེགས་ཐོག  ཕོ་ལན་གྱི་ཙུང་ཐུང་ནཱ་ཕུའུ་ལུའོ་ཚི་ཅིས་བྱང་ཆིངས་ཁོངས་གཏོགས་རྒྱལ་ཁབ་ཀྱི་དམག་དཔུང་ཕོ་ལན་གྱི་མངའ་ཁོངས་སུ་བཅའ་སྡོད་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་ཅིག་ལ་མིང་རྟགས་བཀོད་པའི་ཁྱབ་བསྒྲགས་བྱས་ཡོད། ད་ཐེངས་ཀྱི་བཀོད་སྒྲིག་དེ་ནི་བྱང་ཆིངས་ཀྱི་ཤར་ཕྱོགས་སོ་དམག་ཅེས་པའི་བྱ་སྤྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།

བཅའ་སྡོད་བྱ་རྒྱུའི་གཏན་འབེབས་དེའི་ཞིབ་ཕྲའི་བཀོད་སྒྲིག་དང་ཞིབ་ཕྲའི་གནས་ཚུལ་ནི་གསང་དོན་ཡིན་པས་ཡོངས་བསྒྲགས་བྱས་མེད། 

图片

ཕོ་ལན་གྱི་ཙུང་ཐུང་ནཱ་ཕུའུ་ལུའོ་ཚི་ཅི།

ཚེས་12ཉིན། བྱང་ཆིངས་ཀྱི་དྲུང་ཡིག་ཆེ་མོ་ལུའི་ཐེ་ཡིས། མིག་སྔར་བྱང་ཆིངས་ཀྱིས་ཤར་ཕྱོགས་སོ་དམག་ཅེས་པའི་མ་ལག་བཀོད་སྒྲིག་བྱས་ཏེ་ཤར་ཕྱོགས་ཀྱི་འགོག་སྲུང་ཐད་ཤུགས་སྣོན་རྒྱག་བཞིན་ཡོད། མ་ལག་དེས་ཏེན་མག་དང་། ཧྥ་རན་སི། དབྱིན་ཇི། འཇར་མན་སོགས་མནའ་གྲོགས་མང་པོ་ཞིག་གི་དམག་དོན་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 


  • 顶