
ཡུག་རེན་གསར་འགྱུར་ཁང་གི་གསར་འགོད་པས་དྲིས་དོན། ཁ་སང་ཨུ་རུ་སུའི་དམག་དཔུང་གིས་ཏུན་ཉེ་སི་ཁེ་ས་ཁུལ་གྱི་ཡ་ལུའོ་ཝ་གྲོང་ཚོར་མཁའ་ཐོག་འཇབ་རྒོལ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ཨུ་རུ་སུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་80པའི་འགོ་ཚུགས་ཉིན་དེར་འཇབ་རྒོལ་དེ་སྤེལ་བ་རེད། ཕྱི་འབྲེལ་པུའུ་ལ་དེའི་ཐད་དུ་དཔྱད་གཏམ་ཅི་ཞིག་ཡོད། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་དུས་བབ་ཞི་ལྷོད་དུ་གཏོང་བ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱེད་བཞིན་ཡོད་ལ། ཡུག་རེན་ཕྱོགས་ཀྱིས་གྲོས་མོལ་གྱི་གྲ་སྒྲིག་ཡག་པོ་བྱས་ཡོད་མོད། འོན་ཀྱང་། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཉིན་མཚན་ཆད་མེད་དུ་འཕུར་མདེལ་འཕེན་གཏོང་དང་མི་མེད་གནམ་གྲུའི་འཇབ་རྒོལ་གཏོང་གི་ཡོད། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་གིས་ཨུ་རུ་སུར་དམག་འཁྲུག་རིམ་སྤོར་མཚམས་འཇོག་དང་གྲོས་མོལ་བྱེད་པར་གོ་སྐོན་བློ་འགུག་གཏོང་ཐུབ་བམ།
ལིན་ཅན་གྱིས་དྲིས་ལན་བཏབ་དོན། ཡུག་རེན་གྱི་ཉམས་ཉེན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན། སྐད་ཆ་ཤོད་རེས་དང་གྲོས་མོལ་ནི་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཁོ་ན་ཡིན། ང་ཚོས་འབྲེལ་ཡོད་ཕྱོགས་ཁག་གིས“གཡུལ་ས་ཕྱི་རོལ་དུ་མི་ཁྱབ་པ་དང་། དམག་འཁྲུག་རིམ་པ་མི་སྤར་བ། ཕྱོགས་ཁག་གིས་འཁྲུག་རྐྱེན་མི་སློང་བ་”བཅས་ཀྱི་རྩ་དོན་གསུམ་ལ་བརྩི་སྲུང་བྱས་ཏེ། དུས་བབ་ཞི་འཇགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པར་ཆ་རྐྱེན་གསོག་འཇོག་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན།
འཕྲིན་སྟེགས། weikangba