མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒོལ་གཏམ་བཏང་འདུག

2025-09-11
442

  ཚེས་9ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་སུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག དབྱི་སི་རལ་གྱིས་ཁ་ཐར་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་རེད།

图片

  དབྱི་སི་རལ་གྱིས་ཁ་ཐར་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་མངོན་སུམ་འཛེམ་མེད་ངང་བཙན་གནོད་བྱས་པའི་བྱ་སྤྱོད་ལ་ངས་རྒོལ་གཏམ་གཏོང་རྒྱུ་ཡིན། ཀུའུ་ཐེ་ལེ་སིས་བཤད་དོན། ཁ་ཐར་གྱིས་ཀ་ཟཱའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། བཀག་ཉར་བྱས་མཁན་གློད་འགྲོལ་གཏོང་བའི་ཐད་ལ་ཐོག་མཐའ་བར་གསུམ་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་ངེས་པར་དུ་ཀ་ཟཱར་ཡུན་རིང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ཡོང་བར་འབད་བརྩོན་བྱེད་པ་ལས། གྲོས་མོལ་ལ་གཏོར་བཤིག་གཏོང་མི་རུང་།


  • 顶