བྱི་ལ་དོམ་སེར་གཟེངས་རྟགས་ནི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱེད་པའི་རྒྱལ་སྤྱིའི་གློག་བརྙན་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཞིག་ཡིན་ལ། ལོ་གཉིས་རེའི་མཚམས་སུ་ཐེངས་རེར་སྤེལ་བ་དང་། གཙོ་བོ་འཛམ་གླིང་ལ་ཁ་ཕྱོགས་ཏེ་ཕུལ་བྱུང་གློག་བརྙན་བརྩམས་ཆོས་དཔྱད་འདེམས་བྱེད་བཞིན་ཡོད། 
སྐབས་འདིའི་བྱི་ལ་དོམ་སེར་གྱི་གཟེངས་རྟགས་ནི་འོད་བརྙན་གྱི་ཁ་ཆད། མཛེས་སྡུག་གི་མཇལ་འཛོམས་ཞེས་པ་བརྗོད་དོན་དུ་བཟུང་ཞིང་། ༢༠༢༥ལོའི་ཟླ་༩པའི་ཚེས༡༢ཉིན་ནས་ཚེས༡༣ཉིན་བར་སི་ཁྲོན་ཁྲེང་ཏུའུ་རུ་སྤེལ་རྒྱུ་རེད། ཐེངས་འདིར་བྱི་ལ་དོམ་སེར་གྱི་མཚན་མོ་དང་། བྱི་ལ་དོམ་སེར་གྱི་རྒྱལ་སྤྱིའི་རིག་གནས་གླེང་སྟེགས། བྱི་ལ་དོམ་སེར་གྱི་གཟེངས་རྟགས་གནང་བའི་མཛད་སྒོ་སོགས་སྤེལ་རྒྱུ་ཡིན་པ་དང་། སྐབས་དེར་བྱ་དགའི་རྣམ་གྲངས་གལ་ཆེན་༢༧དཔྱད་འདེམས་དང་ཁྱབ་བསྒྲགས་བྱ་རྒྱུ་རེད།
སྐབས་འདིའི་བྱི་ལ་དོམ་སེར་གྱི་གཟེངས་རྟགས་ལས་བརྩེ་བའི་འོད་བརྙན་འགྲེམ་གཏོང་སྡེ་ཚན་ནི་ཟླ་༩པའི་ཚེས༥ཉིན་དངོས་སུ་སྤེལ་འགོ་ཚུགས་རྒྱུ་ཡིན་ལ། ཟླ་༩པའི་ཚེས་༦ཉིན་ལ་ད་དུང་གློག་བརྙན་གྲགས་ཅན་སྐོར་འགྲེམ་གཏོང་བྱ་རྒྱུ་རེད། སྡེ་ཚན་འདིའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་གློག་བརྙན་ལོ་རྒྱུས་སྟེང་ནས་ཨོ་སི་ཁ་དང་ཀཱ་ན་སོགས་གློག་བརྙན་བྱ་དགའ་གྲགས་ཅན་ཐོབ་མྱོང་བའམ། ཡང་ན་སྒྱུ་རྩལ་རིན་ཐང་ཆེ་བའི་གློག་བརྙན་སྐོར་ཞིག་དང་། ད་དུང་དུས་རབས་གསར་པའི་ཚབ་མཚོན་རང་བཞིན་གྱི་༢༠༢༥ལོའི་གློག་བརྙན་གསར་པ་སྐོར་ཞིག་ཀྱང་གཏོང་རྒྱུ་ཡིན་ལ། ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་ཀྱང་དུས་ལྟར་འབྲེལ་ཡོད་གནས་ཚུལ་ཁྱེད་ཅག་གི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པས་ཀུན་གྱིས་དོ་ཁུར་གནང་བར་འཚལ།
འཕྲིན་སྟེགས། weikangba