
ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་འགྲེམ་སྟོན་ལྟེ་གནས་སུ་བསྡུས། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ《ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཆིང་སྟེ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་པ》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་འགྲེམ་སྟོན་ལྟེ་གནས་སུ་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ《ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཆིང་སྟེ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་པ》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཟླ9པའི་ཐེན་ཅིན་དུ་སྟོན་ཁའི་གནམ་གཤིས་ཧ་ཅང་བཟང་ཞིང་། མེ་ཅང་འགྲེམ་སྟོན་ལྟེ་གནས་ཀྱི་ཕྱི་རོལ་དུ། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་རྒྱལ་དར་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཚོགས་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི2024ལོ་ནས2025ལོའི་བར་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་མཚོན་རྟགས་མངོན་པར་གསལ།

ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་འགྲེམ་སྟོན་ལྟེ་གནས་སུ་བསྡུས། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ《ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཆིང་སྟེ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་པ》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་རྒྱུན་གནས་ལས་ཁུངས་ཀྱི་འགན་འཁུར་མི་སྣ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་བཞིན་པའི་ཚུལ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུར་ཞུགས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་རྒྱུན་བཙུགས་ལས་ཁུངས་ཀྱི་འགན་ཁུར་པར་བྱམས་བརྩེའི་ངང་ཕྱག་འཇུ་གནང་། ཞི་ཅིན་ཕིང་གིས་ཚོགས་ཞུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་རྒྱུན་བཙུགས་ལས་ཁུངས་ཀྱི་འགན་ཁུར་པ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན། དེའི་རྗེས་སུ། ཞི་ཅིན་ཕིང་གིས་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་མགོ་འཛིན་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཧོང་ཕུའུ་གཙང་པོའི་འགྲམ་ནས་ཧའེ་ཧི་གཙང་འགྲམ་ཀུན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆེས་སྤྱིར་བཏང་མིན་པའི་འཕེལ་རིམ་ལོ་རྒྱུས་དངོས་སུ་བརྒྱུད་མྱོང་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་འཁོར24ལོན་པའི་རིང་། ཁོངས་ཞུགས་རྒྱལ་ཁབ་ཀྱིས་ཕན་ཚུན་ཡིད་ཆེས་དང་གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་རིག་སྣ་མང་བཅས་ལ་བརྩི་འཇོག་བྱས་ནས། "ཧྲང་ཧའེ་ཡི་སྙིང་སྟོབས"རྒྱུན་འཁྱོངས་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱས་ཏེ། གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་ལ་ཇུས་མགོད་བྱས་ནས། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཏེ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་བསྐྲུན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་མཐའ་མཚམས་ས་ཁུལ་གྱི་དམག་དོན་ཁྱབ་ཁོངས་ལ་ཡིད་ཆེས་བྱེད་པའི་ལམ་སྲོལ་སྔོན་ལ་བཙུགས་པ་དང་། "སྟོབས་ཤུགས་ངན་པ་གསུམ"ལ་རྡུང་རྡེག་གཏོང་བའི་ཕྱོགས་མང་འགུལ་སྤྱོད་སྔ་ཤོས་སུ་སྤེལ་དེ་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་ལ་སྲུང་སྐྱོང་བྱས། "རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་མཉམ་ལས་སྔོན་ལ་མགོ་བརྩམས་ཏེ། ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་འདང་ངེས་ཡིན་པ་དང་ཟུར་བལྟས་ལེབ་མཐོང་གི་སྦྲེལ་མཐུད་དྲ་རྒྱ་སྔར་ལས་འཐུས་ཚང་དུ་བཏང་། དུས་ཡུན་རིང་པོའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག་སྔོན་ལ་བཞག་སྟེ། མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བ་དང་། ནམ་ཡང་དགྲ་རུ་མི་འཛིན་པ་ཁྱབ་བསྒྲགས་བྱས་ཏེ། ཁོངས་ཞུགས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་སྔོན་ལ་བཏོན་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་འགྲེམ་སྟོན་ལྟེ་གནས་སུ་བསྡུས། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ《ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཆིང་སྟེ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་པ》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་འཛམ་གླིང་གི་ས་ཁོངས་རྩ་འཛུགས་ཆེ་ཤོས་སུ་གྱུར་ཞིང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་བྱེད་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། མ་འོངས་པར་དམིགས་ནས་ཁོངས་ཞུགས་རྒྱལ་ཁབ་ཁག་གིས་སྔར་བཞིན"ཧྲང་ཧའེ་ཡི་སྙིང་སྟོབས"བརྩི་སྲུང་བྱས་ནས། ཏན་ཏན་ཏིག་ཏིག་ངང་འབད་འབུངས་ཡར་བརྩོན་བྱས་ཏེ། རྩ་འཛུགས་ཀྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་དགོས།
གཅིག་ནས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕན་ཚུན་གྱི་ཧེ་བག་ལ་བརྩི་འཇོག་དང་འཐབ་ཇུས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས། ཐུན་མོང་གི་ངོས་འཛིན་གཅིག་མཐུན། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་ལས་ཀྱི་བར་སྟོང་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཁག་གི་སྐྱེས་ཐོབ་ཀྱི་ནུས་པ་བེད་སྤྱོད་ལེགས་པོ་བྱེད་པ། ས་ཁུལ་དེ་གའི་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཐུན་མོང་གིས་ཕྲག་ཏུ་འཁུར་དགོས།
གཉིས་ནས་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱེད་པ། ཉོ་ཚོང་དང་དངུལ་གཏོང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་སྟེ། ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས། ལྗང་མདོག་ཐོན་ལས། གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕན་ཚུན་བར་གྲུབ་འབྲས་བསྐྲུན་པ་དང་མ་འོངས་མཉམ་སྐྲུན་ཁྲོད་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་དགོས།
གསུམ་ནས་སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས་བྱེད་དགོས། མི་ཆོས་སྤེལ་རེས་ཁྲོད་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་བར་བྱེད་པ་དང་། དཔལ་འབྱོར་མཉམ་ལས་ཁྲོད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ལག་གདང་སྦྲེལ་ནས་རང་ཉིད་མཁས་མཛངས་ལྡན་པར་བྱེད་པ་དང་། མཛེས་སྡུག་མཉམ་མྱོང་། མཉམ་འདྲེས་མཉམ་གནས་བཅས་ཀྱི་ཤེས་རིག་སྣ་འཛོམས་ཀྱི་སྐྱེད་ཚལ་ཞིག་སྐྲུན་དགོས།
བཞི་ནས་དྲང་སྙོམས་དྲང་བདེན་རྒྱུན་འཁྱོངས་བྱེད་དགོས། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་དར་སྤེལ་བཏང་སྟེ། འཇམ་འཐབ་ཀྱི་བསམ་བློ་དང་གཡུལ་བཤམས་ནས་ཕན་ཚུན་ཁ་གཏད་དུ་ལངས་པ། བཙན་ཤེད་ཀྱི་བྱ་སྤྱོད་བཅས་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ཏེ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ལྔ་ནས་དངོས་སྒྲུབ་ནུས་ལྡན་རྒྱུན་འཁྱོངས་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བཅོས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་གཏོང་འཇོག་དང་ནུས་པ་ཆེ་རུ་གཏོང་བར་ཤུགས་བསྣན་ཏེ། རྩ་འཛུགས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ཐབས་ཇུས་སྔར་ལས་ཚན་རིག་དང་མཐུན་པ། སྦྱོར་བ་སྔར་ལས་ལས་ཆོད་ཆེ་བ་བཅས་ཡོང་བར་བྱས་ནས། ཁོངས་ཞུགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་མཉམ་ལས་ལ་སྔར་ལས་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ངོས་འཕེལ་རྒྱས་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་དང་། ཁོངས་ཞུགས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་དང་ཟུང་འབྲེལ་བྱེད་ངེས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཐོག་མའི་དམ་བཅའ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་འགན་འཁྲི་འཁུར་བ་དང་གྲུབ་འབྲས་བསྐྲུན་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡུན་རིང་བརྟན་རླིང་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་འདོད་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་དང་རྒྱ་གར་གྱི་ཙུང་ལི་མའོ་ཏེ། དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁཱ་ཡེ་ཧྥུ། ཅིར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕཱ་ལའོ་ཧྥུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན། ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལཱ་ཧོ་མོང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨར་ཅི་ཡུའེ་ཡེ་ཧྥུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཡེ་ཨར་མེ་ཁེ་པ་ཡེ་ཧྥུ། ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་ཁུངས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲ་ཨར་ཧྲི་ཡེ་ཧྥུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཕྱོགས་སོ་སོས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་བྱས་རྗེས་དང་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་རིང་གི་གཟེངས་སུ་ཐོན་པའི་བྱ་བར་ཚད་མཐོའི་གདེང་འཇོག་བྱས་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པར་མ་ཟད། རྗེས་མའི་མཉམ་ལས་ཐད་གྲོས་གཞི་བཏོན། ཕྱོགས་སོ་སོས་མགྲིན་གཅིག་ཏུ་འདོད་དོན། ཀྲུང་གོའི་བར"རྒྱུད་གཅིག་ལམ་གཅིག"མཉམ་བསྐྲུན་བྱས་པ་ལས་རྒྱལ་ཁབ་སོ་སོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་དུ་བཅུག་ལ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འཛམ་གླིང་གི་གྲོས་གཞི་ཆེན་པོ་གསུམ་གྱིས་བརྟན་བརླིང་མིན་པའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་བརླིང་རང་བཞིན་བསྣན་ཡོད་པའི་བསམ་པ་བསྟན། ཕྱོགས་སོ་སོས "ཧྲང་ཧའེ་ཡི་སྙིང་སྟོབས"མུ་མཐུད་ནས་ལག་བསྟར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལག་གདང་མཉམ་སྦྲེལ་སྒོས་མདུན་དུ་བསྐྱོད་དེ། ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར་ཉོ་ཚོང་། ཚན་རྩལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་གཅིག་གྱུར་གྱིས་གདོང་གཏོད་པ། "ངན་ཤུགས་གསུམ"ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་བཅས་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆུ་ཚད་སྔར་ལས་མཐོ་བའི་མཉམ་ལས་ཁྲོད་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ས་ཁུལ་དང་འཛམ་གླིང་གི་བརྟན་རླིང་དར་རྒྱས་ཡོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་མགྲིན་གཅིག་གིས་མོས་མཐུན་བྱུང་། ཕྱོགས་སོ་སོས་གཅིག་གྱུར་གྱིས་བསྟན་དོན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་གདོང་གཏད་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱིས་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་བྱས་ཏེ། ཕྱོགས་རྐྱང་བའི་བཙན་དབང་ལ་ངོ་རྒོལ་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ལ། འཛམ་གླིང་གི་བཅོས་སྐྱོང་མ་ལག་འཐུས་ཇེ་ཚང་དུ་བཏང་ནས། རྒྱལ་སྤྱིའི་དྲང་བཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་མི་དམངས་ཀྱི་འཇར་མགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་ཀྲུང་གོས་མིའི་རིགས་ཀྱི་ཞི་བདེ་ལ་བཞག་པའི་བྱས་རྗེས་གལ་ཆེན་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་དཔའ་ངར་ཞུམ་མེད་དང་བློ་བརྟན་འགྱུར་མེད་མཚོན་ཡོད་པས་ནམ་ཡང་ཡིད་ལ་བརྟན་པོར་འཛིན་འོས།
ཁོངས་ཞུགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཐེན་ཅིན་བསྒྲགས་གཏམ》ལ་མིང་རྟགས་བཀོད་པར་མ་ཟད་འགྲེམས་སྤེལ་བྱས་པ་དང་། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མ་འོངས་པའི་ལོ10(2026—2035)ཡི་འཕེལ་རྒྱས་འཐབ་ཇུས》ལ་ཆོག་མཆན་བཀོད་ནས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པར་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར80ལོན་པའི་སྐོར་གྱི་གསལ་བསྒྲགས་དང་། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་གསལ་བསྒྲགས་སྤེལ་ཞིང་། བདེ་འཇགས་དང་དཔལ་འབྱོར། མི་ཆོས་རིག་གནས་མཉམ་ལས་དང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་གྲུབ་འབྲས་ཡིག་ཆ24ལ་གྲོས་འཆམ་བྱུང་།
ཁོངས་ཞུགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བདེ་འཇགས་འཇིགས་སྐུལ་དང་འགྲན་སློང་ལ་གདོང་གཏོད་པའི་ཕྱོགས་བསྡུས་ལྟེ་གནས། རྒྱལ་ཁོངས་ལས་བརྒལ་བའི་རྩ་འཛུགས་ཡོད་པའི་ཉེས་གསོག་ལྟེ་གནས། ཆ་འཕྲིན་བདེ་འཇགས་ལྟེ་གནས། དུག་མགོག་ལྟེ་གནས་བཅས་ལ་སྒོ་བྱང་བཀལ་བར་བདེན་དཔང་བྱས།
གྲོས་ཚོགས་ལས་ལའོ་ཝའོ་གླེང་མོལ་གྲོགས་པོར་དང་ལེན་བྱས་ཏེ། ཅིར་ཅི་སི་སི་སི་ཐན་གྱིས2025ནས2026ལོའི་བར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་པའི་ཐག་གཅོད་ལ་མོས་མཐུན་བྱུང་།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱ་འགུལ་ལ་ཞུགས། །
འཕྲིན་སྟེགས། weikangba