ཉེ་ཆར། ཧྲེན་ཀྲེན་ཧྥུའུ་ཐེན་འགག་སྒོ་རུ་འགྲུལ་པ་ཞིག་གིས་སྟོངས་ཉེར་ཡོད་པའི་སྦྲུལ་གསོན་པོ་འགའ་རྒྱལ་ནང་དུ་ལྐོག་ཁྱེར་བྱས་པར་འགག་སྒོ་ལས་ཁུངས་ཀྱིས་རྩད་ཆོད་པ་རེད།
འགྲུལ་པ་དེས་ངོས་ལེན་བྱས་དོན། མོ་རང་གིས་ལུའོ་མ་ཀྲོའུ་ས་འོག་ལྕགས་ལམ་ས་ཚིགས་ཀྱི་གསང་སྤྱོད་དུ་ཚོང་བདག་དང་སྦྲུལ་གསོན་པོ་དེ་དག་རྩིས་སྤྲོད་བྱས་པ་དང་། གལ་ཏེ་འགག་སྒོ་ནས་ཐར་ན་མངའ་ཁོངས་ནང་གི་ཉོ་མཁན་དང་ཉོ་ཚོང་གི་ཞིབ་ཕྲའི་གནས་ཚུལ་གཏན་འཁེལ་བྱ་རྒྱུ་ཡིན། སྤྱིར་བཏང་དུ་ཐེངས་རེར་ཁྱེར་གླ་སྒོར་500ཡས་མས་ཡིན།
ཧྲེན་ཀྲེན་ཧོང་ཀང་འགག་སྒོའི་ཡུལ་སྐོར་ཞིབ་བཤེར་ཚན་ཁག་དང་པོའི་རིམ་པ་དང་པོའི་སྲིད་འཛིན་ཁྲིམས་འཛིན་པ་ཡའོ་ཧྲན་གྱིས་བཤད་དོན། ད་ཐེངས་རྩད་ཆོད་པ་ནི་སྒོར་དབྱིབས་སྦྲུལ་ཆེན་ཡིན་ལ་སྦྲུལ་གྱི་རྒྱལ་པོའང་ཟེར། སྦྲུལ་ཆེན་དེ་རིགས་འཇིགས་སྐྲག་བྱུང་རྗེས་མགོ་ལྟེ་བར་བྱས་ནས་སྒོར་དབྱིབས་སུ་སྡུད་པས་མིང་དེ་ལྟར་ཐོགས། དེ་དག་གཙོ་བོ་ཨ་ཧྥེ་རི་ཁ་དབུས་ནུབ་ཀྱི་ཆར་ལྡན་ནགས་ཚལ་དུ་གནས་ཡོད་པ་དང་། ཨ་ཧྥེ་རི་ཁའི་སྦྲུལ་ཆེན་རིགས་ཀྱི་ཁྲོད་དུ་ཆེས་ཆུང་བའི་རིགས་ཡིན། མིག་སྔར། སྒོར་དབྱིབས་སྦྲེལ་ཆེན་གྱི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། རྩ་མེད་དུ་འགྲོ་ཉེན་ཡོད་པའི་རྣམ་པར་གནས་ཡོད།
འཕྲིན་སྟེགས། weikangba