རྒྱལ་ཁབ་ཀྱི་རིག་དངོས་རིམ་པ་དང་པོ་ལག་སོན་བྱུང་བ།

2025-08-23
411


  ཉེ་ཆར། ལྷ་ས་འགག་སྒོའི་ཁོངས་གཏོགས་སྤུ་ཧྲེང་འགག་སྒོས་མངའ་ཁོངས་ཕྱི་རོལ་དུ་གྱར་བའི་རྒྱལ་ཁབ་ཀྱི་རིག་དངོས་རིམ་པ་དང་པོ་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་》རྒྱལ་ཁོངས་སུ་འབྱོར་བའི་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།

  སྤུ་ཧྲེང་འགག་སྒོ་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་དང་སྤུ་ཧྲེང་རྫོང་སོགས་ས་གནས་སྡེ་ཁག་དང་མཉམ་འགུལ་ཧུར་ཐག་བྱས་ཏེ་“ཆ་འཕྲིན་སྤེལ་རེས་དང་། ཁྲིམས་འཛིན་རོགས་སྐྱོར། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལམ་སྲོལ་ཕྱོགས་མང་ཐོག་བཙུགས་ནས་བསྟན་བཅོས་ཞིབ་དཔྱད་དང་རིགས་གཅིག་མཁས་ཅན་གྱི་གསལ་འབྱེད་ལས་དོན་ཐུན་མོང་ཐོག་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རིག་དངོས་ཁག་དེ་ནི་བོད་དུ་。རྒྱ་ཁྱབ་ཏུ་ཁྱབ་པའི་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་》པར་གཞི་ཆ་ཚང་ཞིག་ཡིན་པ་དང་། ཁྱོན་བསྡོམས་བམ་པོ་12ཡོད་ཅིང་། དེ་ནི་དུས་རབས་11པ་ནས་12པའི་བར་གྱི་རྩ་ཆེའི་བསྟན་བཅོས་ཤིག་ཡིན་པ་གསལ་འབྱེད་བྱས་པ་དང་། དེར་ཐུན་མོང་མ་ཡིན་པའི་ཡི་གཟུགས་དང་རི་མོའི་སྒྱུ་རྩལ་ཡོད་ཅིང་། རིག་དངོས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པས། ཀྲུང་ཧྭ་ཤེས་རིག་གི་ནོར་བུ་ཞིག་ཡིན།

  • 顶