ཞི་ཅིན་ཕིང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོའི་ནང་ཞུགས་རྗེས་ཕྱིར་པེ་ཅིན་དུ་ཕེབས།

2025-08-22
1646


  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ལྷ་ས་རུ་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་རྗེས།  ཚེས་ཉེར་གཅིག་ཉིན་ཆེད་སྤྱོད་གནམ་གྲུར་བཞུགས་ནས་ཕྱིར་པེ་ཅིན་དུ་ལོག་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར།   ཝང་ཧུའུ་ཉིང་གིས་ཚོགས་གཙོའི་འགན་བཞེས་པའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་རྣམས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་གྱི་བར་བོད་ལྗོངས་ཀྱི་ས་གནས་ཁག་ཏུ་མི་རིགས་ཁག་གི་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་རྒྱུ་རེད། 

  ཞི་ཅིན་ཕིང་བོད་ལྗོངས་དང་ཞལ་གྱེས་དུས།   མི་རིགས་ཁག་གི་མི་དམངས་རྣམས་འཚང་འགག་ཤིག་ཤིག་ངང་ལྷ་ས་གྲོང་ཁུལ་གྱི་གཞུང་ལམ་འགྲམ་གཉིས་སུ་ལངས་ནས། ལག་པས་དར་དམར་དང་ཁ་བཏགས་བཟུང་ནས།  སྤྱི་ཁྱབ་ཧྲུའུ་ཅི་ལ་དགའ་བསུ་སྨོན་འདུན་དང་གུས་འདུད་ཞུས་པ་རེད།  ལྷ་ས་གུང་དཀར་གནམ་གྲུ་ཐང་དུ།  དུས་ཆེན་གྱི་གཟབ་གོས་སྤྲས་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དར་དམར་དང་མེ་ཏོག་མཆོད་བཞིན་གླུ་ལེན་གར་རྩེ་བྱེད་ཞོར། སྐད་གསེང་མཐོན་པོས་བཀྲ་ཤིས་བདེ་ལེགས་སྨོན་ལམ་བརྒྱབ་སྟེ། མཐོ་སྒང་གི་མི་སེར་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་ལ་བཀའ་དྲིན་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས། 

   ཚའེ་ཆི་དང་ཧོ་ལེ་ཧྥུང་།  ཝང་ཞའོ་ཧུང་། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་གནམ་གྲུ་དེར་བསྡད་ནས་ཕྱིར་ལོག་པ་རེད། 

  • 顶