ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་ཁག་གི་འཐུས་ཚབ་ཀྱི་མཇལ་ཞུ་དང་ལེན་གནང་།

2025-08-20
827

   ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣའི་མཇལ་ཞུ་དང་ལེན་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་མཛད་ནས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས་ཤིང་། ཚང་མས་མུ་མཐུད་དེ་སེམས་ཤུགས་གཅིག་སྒྲིལ་དང་། མཐུན་སྒྲིལ་འབད་བརྩོན་བྱས་ནས། ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་མཚར་སྡུག་གི་ལེའུ་བསྐྲུན་པའི་ཐུགས་རེ་གནང་བ་རེད། 

  ཞི་ཅིན་ཕིང་སོགས་མཇལ་ཞུ་དང་ལེན་གནང་བའི་ཡུལ་དངོས་ལ་ཕེབས་དུས། ཡུལ་དངོས་ཡོངས་སུ་དུས་ཡུན་རིང་པོར་དགའ་བསུའི་ཐལ་སྒྲ་བར་མེད་དུ་གྲགས་པ་རེད། ཞི་ཕིན་ཅིང་གིས་ཕྱག་གཡུགས་གནང་ནས་འཚམས་འདྲི་ཞུས་ཤིང་། སྐབས་འགར་འཐུས་ཚབ་མི་སྣར་སྙིང་ཉེ་བའི་གསུང་གླེང་གནང་བར་མ་ཟད། ད་དུང་ཚང་མ་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན་པ་རེད། 

   ཞི་ཅིན་ཕིང་གིས་ད་དུང་བོད་སྐྱོར་ལས་བྱེད་པའི་འཐུས་ཚབ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ས་གནས་དང་གྲོང་ཁྱེར་ཁག་གི་འགན་འཛིན་བློ་མཐུན་དང་བློ་མཐུན་རྒན་པའི་འཐུབ་ཚབ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་ཚབ། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་དགོན་པའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་འཐུས་ཚབ་བཅས་ཀྱི་མཇལ་ཞུ་དང་ལེན་གནང་བ་རེད། 

  ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་སྙིང་ཉེ་བའི་སྒོ་ནས་ལྷ་ས་རུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་ཧྲང་ཞའོ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། གཞི་རིམ་གྱི་སྔོན་ཐོན་དཔེ་བཟང་དང་རིག་གནས་ལས་སྒྲུབ་མི་སྣ་སྐོར་ཞིག་གི་མཇལ་ཞུ་དང་ལེན་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཚབ་མཛད་ནས་བོད་ལྗོངས་སུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཚང་མ་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན་པ་རེད། 

  ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥེང་། ཀྲང་ཀུའོ་ཆིང་། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུན་ཧྭ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཀྲེང་ཧྲེང་རྨིན་སོགས་དང་། བོད་ལྗོངས་སུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་བློ་མཐུན་སོགས་འབྲེལ་ཡོད་མཇལ་ཞུའི་ནང་ཞུགས་པ་རེད།

  • 顶