ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་དབུ་ཁྲིད་དེ་ཚེས་༢༠ཉིན་གྱི་ཉིན་གུང་ལྷ་སར་ཕེབས་འབྱོར་བྱུང་ཞིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པར་ཕེབས་པ་རེད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་ཞི་ཅིན་ཕིང་སོགས་ཕེབས་འབྱོར་བྱུང་བར་གནམ་གྲུ་འབབ་ཐང་དང་ལྷ་སའི་གྲོང་ཁུལ་དུ་ཕེབས་བསུ་གྲ་རྒྱས་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་སོགས་ལྷན་དུ་ཕེབས་འབྱོར་བྱུང་ཡོད།







འཕྲིན་སྟེགས། weikangba