གཏམ་བཟང་། སྣུམ་རིན་ཆག་གྲབས་འདུག

2025-08-20
861

  ཟླ་༨པར་སྣུམ་རིན་འཕར་ཆག་ཐེངས་གཉིས་ཡོད། གཟའ་འཁོར་གོང་མར་སྣུམ་རིན་འཕར་ཆག་བྱུང་ཐུབ་མེད་པ་སྟེ་༼སྔོན་དཔག་བྱས་ན་ཀྲོན་རེར་སྒོར་༢༢༠འཕར་རྒྱུ་ནས་མཐར་འཕར་ཆག་བྱུང་ཐུབ་མེད་༽ སྣུམ་རིན་འཕར་ཆག་ཐེངས་གཉིས་པ་ནི་ཟླ་༨ཚེས་༢༦ཉིན་གྱི་མཚན་གུང་ཆུ་ཚོད་༡༢ཐོག་ཡིན་པས། མིག་སྔའི་བསྡོམས་རྩིས་རེས་འཁོར་དེ་༤༠%ཡོལ་ཡོད་པས། རྒྱལ་སྤྱིའི་སྣུམ་གོང་འཕར་ཆག་གི་ཤུགས་རྐྱེན་ཐེབས་པ་བརྒྱུད། མ་བཅོས་སྣུམ་གྱི་འགྱུར་བ་འགྲོ་ཚད་-༤.༥༥%ཟིན་གྱི་ཡོད་པས། སྔོན་དཔག་བྱས་ན་ཀྲོན་རེར་སྒོར་༢༣༥མར་ཆག་བཟོ་ཡོད་པ་དང་། དེ་ཧྲེང་ལ་རྩིས་བརྒྱབ་ན་ཧྲེང་རེར་སྒོར་༠.༡༨ནས་༠.༢༡ཟིན་གྱི་ཡོད། དེ་ནི་སྤྱི་ལོ་༢༠༢༥ལོའི་སྣུམ་གོང་ཆག་ཤུགས་ཨང་གསུམ་པར་གྱུར་བཟོ་ཡོད། ༼དེ་ཡང་ཟླ་༤ཚེས་༡༧ཉིན་གྱི་ཀྲོན་རེར་སྒོར་༤༨༠དང་། ཟླ་༣ཚེས་༡༨ཉིན་གྱི་ཀྲོན་རེར་སྒོར་༢༨༠རེད།༽

སྣུམ་རིན་འཕར་ཆག་ཡོང་བར་ད་དུང་ཉིན་༨ལས་མེད། ཉེ་དུས་ཀྱི་རྒྱལ་སྤྱིའི་སྣུམ་གོང་གི་གནས་སྟངས་ལ་གཞིགས་ཚེ། མར་ཆག་ཚད་མུ་མཐུད་ཆེ་རུ་འགྲོ་བའི་རེ་བ་ཡོད་ལ། མར་ཆག་ཚད་དེ་ལོ་འདིའི་ནང་གི་ཆག་ཤུགས་ཨང་གསུམ་པར་འགྱུར་རྒྱུ་རེད། 

  • 顶