མི་དམངས་ཤོག་སྒོར་གྱི་ཆ་འཕྲིན་གལ་ཆེན།

2025-08-20
567

  ཀྲུང་གོ་མི་དམངས་དངུལ་ཁང་གི་གཞུང་ཕྱོགས་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་པའི་གནས་འཕྲིན་ལྟར་ན། 2025ལོའི་ཟླ་8ཚེས་18ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན་ཕན་ཀུང་ཧྲེང་གིས་འཚམས་འདྲིར་ཕེབས་པའི་ཐེ་ལན་དངུལ་ཁང་གི་འགོ་འཛིན་ཧྲེ་ཐ་པུའུ་·སུའུ་ཐི་ཝ་ནཱ་ལིའུ་པུའུ་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དངུལ་རྩའི་གནས་བབ་དང་དེ་བཞིན་ཀྲུང་གོ་དང་ཐེ་ལན་ཕྱོགས་གཉིས་པོའི་དངུལ་རྩའི་མཉམ་ལས་སོགས་གྲོས་གཞིའི་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། 

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་པ་བརྒྱུད། ཕན་ཀུང་ཧྲེང་དང་ཧྲེ་ཐ་པུའུ་·སུའུ་ཐི་ཝ་ནཱ་ལིའུ་པུའུ་ཡིས་《ཀྲུང་གོ་མི་དམངས་དངུལ་ཁང་དང་ཐེ་ལན་དངུལ་ཁང་གི་མི་དམངས་ཤོག་སྒོར་དང་ཐེ་ལན་ཀྲུའུ་གཉིས་པོའི་རྩིས་གཞིའི་དངུལ་བརྗེ་རེས་ཀྱི་གྲོས་མཐུན་འཇོག་པའི་འགྲེམས་སྟོན་ཐེངས་གསུམ་པ་དང་བཟོ་བཅོས་བརྒྱབ་པའི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་དང་། བརྗེ་རེས་བྱེད་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་700དང་ཐེ་ལན་ཀྲུའུ་དུང་ཕྱུར་3700ཡིན་པ་དང་། གྲོས་མཐུན་གོ་ཆོད་ཡུན་ལོ་ལྔ་ཡིན་པས། ཕྱོགས་གཉིས་པོས་མོས་མཐུན་བྱས་པ་བརྒྱུད་དུས་ཡུན་རིང་དུ་བཏང་ཆོག 

  ཀྲུང་གོ་མི་དམངས་དངུལ་ཁང་དང་ཐེ་ལན་དངུལ་ཁང་གིས་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་ལ་སླར་ཡང་མུ་མཐུད་མིང་རྟགས་བཀོད་པ་དེས་རྒྱལ་ཁབ་གཉིས་པོའི་དངུལ་ལོར་དང་དངུལ་རྩའི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་ཉོ་ཚོང་དང་དངུལ་འཇོག་སྟབས་བདེ་ཅན་དུ་འགྱུར་བའི་སྐུལ་འདེད་བཏང་བ་དང་། དངུལ་རྩའི་ཁྲོམ་ར་བརྟན་ལྷིང་ངང་སྲུང་སྐྱོང་བཅས་བྱེད་པར་ཕན་ཐོགས་ཡོད་པ་རེད།

  • 顶