ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པ་སྔར་ལས་ཇེ་ཟབ་གཏོང་ཆེད། དམག་ཡོངས་ཀྱི་དཔོན་དམག་གིས་མ་ཡིག་ལྟར་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པར་གོ་བ་ཟབ་མོ་ལེན་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་གཅོད་ནུས་པའི་དོན་སྙིང་ལ་གོ་བ་ཡག་པོ་ལེན་པ། ལྟེ་བ་སྲུང་སྐྱོང་དང་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་རང་རྟོགས། བསམ་བློ་རང་རྟོགས། ལག་ལེན་རང་རྟོགས་བཅས་ཇེ་དྲག་གཏོང་བར་རོགས་རམ་བྱ་ཆེད། ཀྲུང་དབྱང་དམག་ཨུའི་ཆོག་མཆན་གནང་སྟེ་དམག་ཨུའི་ཆབ་སྲིད་ལས་སྒྲུབ་པུའུ་ཡིས་ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སྐོར་གླེང་བའི་དེབ་བཞི་པ་བསྒྲིགས་ནས་ཉེ་ཆར་དངོས་སུ་དཔར་སྐྲུན་འགྲེམ་སྤེལ་བྱས་པ་རེད། ཀྲུང་དབྱང་དམག་ཨུ་ཡིས་ཉེ་ཆར་བརྡ་ཁྱབ་སྤེལ་ནས། དམག་ཡོངས་ཀྱིས་སློབ་སྦྱོང་དང་བེད་སྤྱོད་ལ་བཀོད་སྒྲིག་ཡང་དག་བྱེད་པ་དང་། རིམ་པ་ཁག་གིས་རྩ་འཛུགས་བཀོད་སྒྲིག་ནན་མོ་བྱས་་ནས། ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སྐོར་གླེང་བའི་དེབ་བཞི་པ་སློབ་སྦྱོང་བྱེད་པ་དེ། ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སྐོར་གླེང་བ། ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སྐོར་གླེང་བའི་དེབ་གཉིས་པ། ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སྐོར་གླེང་བའི་དེབ་གསུམ་པ་དང་། ༢༠༢༣ལོའི་དཔར་མའི་ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དགོངས་པའི་སློབ་སྦྱོང་རྩ་འཛིན་བཅས་ལ་སློབ་སྦྱོང་བྱེད་པ་ཟུང་དུ་འབྲེལ་ནས། བློ་བརྟན་འགྱུར་མེད་ཀྱིས་མ་རྩོམ་ཀློག་སྦྱོང་བྱེད་པ་དང་། གནས་ལུགས་བཅས་གོ་བ་ཟབ་མོ་བླངས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་བྱ་གཞག་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱི་བདེན་ལུགས་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་ལ་ཟུང་འབྲེལ་བྱེད་གཙོར་བྱས་ནས། དེའི་ནང་བསྟན་པའི་གནས་ལུགས་དང་བདེན་ལུགས། མཚན་ཉིད་རིག་པའི་ལྟ་བ་སོགས་ལ་གོ་བ་དེ་བས་ཡག་པོ་ལེན་དགོས། ཏང་ཨུའི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་སློབ་སྦྱོང་བྱེད་པ་དང་ལས་བྱེད་པས་རིག་གཞུང་རེས་སྐོར་གསབ་སྦྱོང་། དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་གླིང་གི་ཆབ་སྲིད་རིག་གཞུང་སློབ་ཁྲིད་བྱེད་པ། ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སྐོར་གླེང་བའི་དེབ་བཞི་པར་སློབ་སྦྱོང་ནང་དོན་གཙོ་བོར་འཛིན་པ་དག སློབ་སྦྱོང་གི་འཆར་གཞིའི་ནང་བཀོད་ནས། ཤེས་ཐག་ཆོད་བྱེད་དགོས། གཅིག་བསྡུས་ཆབ་སྲིད་དག་ཐེར་དང་ཟུང་དུ་འབྲེལ་བ་དང་། གོ་བ་ལེན་པའི་བསམ་བློ་ལས་ཆབ་སྲིད་སྦྱོང་བརྡར་དང་བསམ་བློ་བཅོས་སྒྱུར་ཇེ་དྲག་གཏོང་བ། ཕུགས་བསམ་དང་དད་མོས། ཏང་གཤིས་སློབ་སྦྱོང་། དཔོན་པོའི་མི་གཞི་ཀུན་སྤྱོད་སོགས་ཀྱི་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་སྔར་ལས་ཡག་པོ་བྱེད་པ། ཡང་དག་པའི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྱོང་བརྟན་པོ་བྱས་ནས། མི་དམངས་དམག་དཔུང་གི་དག་གཙང་གཟི་བརྗིད་ཇེ་བརྟན་གཏོང་དགོས།
དབུ་ཁྲིད་དང་ལས་བྱེད་པས་འགོ་ཁྲིད་དེ་སློབ་སྦྱོང་ངོ་མ་དང་གོ་བ་ཡག་པོ་ལེན་པ། ཡིད་ཆེད་བརྟན་པོ་བྱེད་པ། བེད་སྤྱོད་དོན་འཁྱོལ་བྱེད་པ། རང་ཉིད་སློབ་སྦྱོང་གི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ནས་དཔོན་དམག་ལ་དྲིལ་བསྒྲགས་སློབ་སྟོན་ཡག་པོ་བྱེད་དགོས། རིམ་པ་ཁག་གི་ཆབ་སྲིད་ལས་སྒྲུབ་སྡེ་ཁག་གིས་སློབ་སྦྱོང་ལ་སྣེ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་གཏོང་བ། རྒྱ་ཆེ་བའི་རིག་གཞུང་ལས་སྒྲུབ་པས་མ་ལག་ཅན་གྱི་རིགས་གཞུང་ཞིབ་འཇུག་ཇེ་དྲག་གཏོང་བ། དམག་དཔུང་གསར་འགྱུར་འཕྲིན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གསོན་ཉམས་ལྡན་པའི་སྒོས་དཔུང་ཁག་གི་སློབ་སྦྱོང་ལག་བསྟར་ཕན་འབྲས་ཡག་པོ་མངོན་ནས། རིགས་གཞུང་དྲག་སྤྲས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས། རིགས་གཞུང་དང་དངོས་ཡོད་མཉམ་འབྲེལ་བྱེད་པའི་སློབ་སྦྱོང་གོམས་སྲོལ་དར་སྤེལ་གཏོང་གང་ཐུབ་བྱེད་པ། སློབ་སྦྱོང་གི་ཕན་འབྲས་དེ་འགག་སྒྲོལ་ནུས་ཤུགས་དང་དམག་དཔུང་སྟོབས་ལྡན་ལ་འབད་པའི་ལག་ལེན་དངོས་ལ་བསྒྱུར་བ། ཁྱོན་ཡོངས་ནས་དུས་རབས་གསར་པའི་ལས་འགན་ཡག་པོ་སྒྲུབ་པའི་ནུས་པ་ཇེ་ཆེར་བཏང་ནས། གྲུབ་འབྲས་གཡུར་ཟ་ཐོབ་པས་དམག་དཔུང་འཛུགས་སྐྱོང་བྱས་ནས་ལོ་ངོ་བརྒྱ་ལ་བསུ་མ་བྱེད་དགོས།
འཕྲིན་སྟེགས། weikangba