བློ་མཐུན་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་སྐོར་གླེང་བ་ཞེས་པའི་པོད་དང་པོ་དང་པོད་གཉིས་པ་དཔར་འགྲེམས་བྱས།

2025-08-18
231

   བློ་མཐུན་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་སྐོར་གླེང་བ་ཞེས་པའི་པོད་དང་པོ་དང་པོད་གཉིས་པ་དཔར་འགྲེམས་བྱས།

   ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་སྐོར་གླེང་བ་ཞེས་པའི་པོད་དང་པོ་དང་པོད་གཉིས་པ་དེ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་པར་བསྐྲུན་ཁང་གིས་པར་བསྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

གསུང་རྩོམ་ཕྱོགས་སྒྲིག་འདིའི་མ་ཡིག་ནང་དོན་དུས་ཚོད་ཀྱི་རིམ་པ་ལྟར་རྩོམ་སྒྲིག་བྱས་ཤིང་།  ༢༠༡༨ལོའི་ཟླ་བ་བཅུ་གཉིས་པར་དཔར་དུ་བསྐྲུན་པའི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་སྐོར་གླེང་བ་ཞེས་པ་དེ། ཏང་ཀྲུང་དབྱང་གིས་ཆོག་མཆན་གནང་ནས་ཡང་བསྐྱར་པར་བསྐྲུན་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་སྐོར་གླེང་བ་ཞེས་པའི་པོད་དང་པོ་རུ་བསྒྱུར་ཡོད། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གི་༢༠༡༢ལོའི་ཟླ་བ་བཅུ་གཉིས་པ་ནས་༢༠༡༨ལོའི་ཟླ་བ་བཅུ་གཉིས་པའི་བར་གྱི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་གསུང་རྩོམ་དོན་གསུམ་གྱི་མ་ཡིག་བསྡུས་ཡོད་ལ། པོད་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་གི་༢༠༡༩ལོའི་ཟླ་བ་དང་པོ་ནས་༢༠༢༥ལོའི་ཟླ་བ་བཞི་པའི་བར་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་གསུང་རྩོམ་གལ་ཆེན་གོ་གཉིས་བསྡུས་ཡོད་ཅིང་། དེའི་ནང་གི་གསུང་རྩོམ་སྐོར་ཞིག་ཐོག་དང་པོར་ཀུན་ལ་མངོན་པ་རེད།

   བཅོས་སྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་པ་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པའི་ཐབས་ལམ་ཡང་དག་ཡིན་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་། སྒོ་ཀུན་ནས་བཅོས་སྒྱུར་གྱི་ལམ་བུ་གསར་པ་འཆར་འགོད་བྱེད་འགོ་བཙུགས་པ་དང་། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་པ་གཏོད་པ་ལ་དུས་རབས་ལས་བརྒལ་བའི་དོན་སྙིང་ལྡན་པ་ཞིག་རེད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྤེལ་གང་ཐུབ་ལ་མ་ལག་རང་བཞིན་གྱི་འཆར་འགོད་གང་ཐུབ་བྱས་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ལ་གཏོང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་དབུ་ཁྲིད་པ་དང་སྐུ་དངོས་སུ་བཀོད་འདོམས་གནང་བ། སྐུ་དངོས་སུ་ཁྱོན་ཡོངས་ནས་བཅོས་སྒྱུར་ལས་ཀ་ཟབ་སྤེལ་བྱས་ནས། ཚན་རིག་དང་མཐུན་པས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་། བཅོས་སྒྱུར་གྱི་ཆོས་ཉིད་ཁོང་དུ་ཆུད་པ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བའི་ཐབས་ལམ་བེད་སྤྱོད་བཏང་ནས། གསར་གཏོད་རང་བཞིན་གྱིས་བསམ་བློ་གསར་པ་དང་ལྟ་བ་གསར་པ། དཔྱད་འབྲས་གསར་པ་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་པར་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་དོན་དང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཅི་ལྟར་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་གསལ་བོ་བཏབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཆེས་ཕུན་སུམ་ཚོགས་ཤིང་ཆེས་གསོན་ཉམས་ལྡན་པ། ཆེས་གསར་གཏོད་རང་བཞིན་ལྡན་པའི་གྲུབ་ཆ་རུ་གྱུར་ཡོད་པས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་གང་ཐུབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་བྱེད་པར་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ ་རེད།


  • 顶