རྟེན་འབྲེལ་ཆེན་མོའི་དྲན་རྟེན་སྦྲག་རྟགས་བཀྲམ་འདུག

2025-08-17
657

སྤྱི་ཟླ་༨ཚེས་༡༥ཉིན་གྱི་སྔ་དྲོ།

ཀྲུང་གོ་སྦྲག་སྲིད་ཀྱིས་དོན་སྙིང་ཆེན་པོ་ལྡན་པའི་

དྲན་རྟེན་སྦྲག་རྟགས་ཤིག་སྟེ།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་

དྲན་རྟེན་སྦྲག་རྟགས་གསུམ་དངོས་སུ་བཀྲམ་འདུག

སྦྲག་རྟགས་གསུམ་པོ་དེའི་ནང་།

བོད་ཀྱི་ལོ་ངོ་༦༠རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པར་བྱས་འདུག

图片  སྦྲག་རྟགས་དེའི་པར་རིས་ནང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོའི་འབྲི་ཚུལ་དང་དེང་རབས་རི་མོའི་འབྲི་ཚུལ་ཟུང་འབྲེལ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མདུན་སྐྱོད་བྱས་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་མངོན་པར་བྱས་ཡོད།
图片

  སྦྲག་རྟགས་དང་པོ། ཕུགས་འདུན་མཉམ་དུ་གཏོད་ཅེས་པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་བརྗོད་གཞི་བྱས་ཤིང་། ཕྱོགས་བཞིར་གཟབ་འཆོར་ལེགས་པར་སྤྲད་པའི་མི་རིགས་ཁག་གི་མི་དམངས་ཀྱིས་སྐོར་བ་དང་། རྒྱབ་ལྗོངས་སུ་ལྷ་སའི་གོང་དཀར་གནམ་ཐང་དང་། གནམ་གྲུ་C༩༡༩། གཞིས་ཀ་རྩེའི་སྨི་༤༠ཡོད་པའི་རྒྱང་ཤེལ་སོགས་གཞི་རྒྱུ་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་གྱི་ལོ་ངོ་༦༠རིང་། མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་དབུ་ཁྲིད་འོག ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡིན་པའི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད།

图片

  སྦྲག་རྟགས་གཉིས་པ། མཛེས་སྡུག་གི་གངས་ལྗོངས་ཞེས་པར་འབྲི་གཡག་དང་། རྐྱང་། གཙོད། ཁྲུང་ཁྲུང་སྐེ་ནག་བཅས་དང་། ཉི་འོད་འོག་གི་ཇོ་མོ་གླང་མ་སོགས་ཀྱི་གཞི་རྒྱུ་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པའི་རྣམ་པ་མངོན་ཡོད་པར་མ་ཟད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དང་། ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣེ་མང་རང་བཞིན་མངོན་པར་བྱས་ཡོད་ལ། སྐྱེ་ཁམས་སྲུང་སྐྱོང་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་བོད་ལ་ཐོབ་པའི་གྲུབ་འབྲས་ཀྱང་མཚོན་པར་བྱས་ཡོད།

图片

  སྦྲག་རྟགས་གསུམ་པ། བདེ་སྐྱིད་ཀྱི་ས་མཐོ་ཞེས་པར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། གྲོང་མིའི་སྡོད་ཁང་། ལྷ་ཉིང་ལྕགས་ལམ། ལྷ་སའི་སྐྱིད་ཆུའི་ཟམ་ཆེན། ཕུ་མདོའི་ཆུ་བེད་ལྟེ་གནས་སོགས་གཞི་རྒྱུ་བྱས་ཏེ། བདེ་འཁོད་ལས་བརྩོན་གྱི་མང་ཚོགས་དང་ཡུལ་སྐོར་བའི་ངོ་གདོང་ལས་དགའ་བའི་མཛུབ་མདངས་ཕྱུར་བཞིན་པ་མཚོན་པར་བྱས་ཡོད་པ་དང་། གདུབ་དབྱིབས་ཀྱི་རྩི་ཤིང་ལས་བོད་ཀྱི་ལྗང་འགྱུར་ལས་གྲྭར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མཚོན་པར་བྱས་ཡོད་ཅིང་། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་། དམངས་འཚོའི་བདེ་རྩ་མུ་མཐུད་ལེགས་བཅོས་དང་། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་མངོན་པར་བྱས་ཡོད།

  སྦྲག་རྟགས་འདི་ཡེ་ཤིན་ཧྲེང་དང་ཀྲེང་ཝེ་ཡིས་ཇུས་འགོད་བྱས་ཤིང་། དབུན་ཝུན་ཡ་ཡིས་རྩོམ་སྒྲིག་བྱས་པ་དང་། པེ་ཅིང་སྦྲག་རྟགས་བཟོ་གྲྭ་ཚད་ཡོད་ཀུང་སིས་པར་སྒྲིག་བྱས་པ་རེད། སྦྲག་རྟགས་དེ་རྒྱལ་ཡོངས་ཀྱི་དམིགས་བཙུགས་སྦྲག་སྲིད་ཀྱི་ལས་ཚུགས་དང་། སྦྲག་གསོག་ལས་ཚུགས། དེ་བཞིན་ཀྲུང་གོ་སྦྲག་སྲིད་ཀྱི་ལག་ཐོགས་ཁ་པར་གྱི་སྤྱོད་སྣེ་སོགས་ནས་ཕྱིར་ཚོང་བྱ་རྒྱུ་དང་། ཕྱིར་ཚོང་བྱེད་པའི་དུས་ཚོད་ཟླ་བ་༦ཡིན་པ་རེད།

  • 顶