ཐེ་རོན་ཕུའུ་དང་ཕུའུ་ཅིང་གཉིས་ཐུག་འཕྲད་ཀྱི་གནས་ཚུལ་འདི་འདྲ་རེད།

2025-08-16
448

  ས་གནས་དེ་གའི་དུས་ཚོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ལ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གཉིས་ཀྱིས་ཨ་རིའི་ཨ་ལ་སི་ཅ་མངའ་སྡེའི་ཨན་ཁེ་ལེ་ཆི་རུ་མཉམ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

  ཉིན་དེའི་སྔ་དྲོ་ཙམ་ལ་ཐེ་རོན་ཕུའུ་དང་ཕུའུ་ཅིང་གཉིས་ཀྱིས་ཆུ་ཚོད་གཉིས་དང་ཕྱེད་ཀ་ལྷག་ཙམ་གྱི་རིང་མི་སྣ་གཙོ་གྲས་འགའ་ལས་གྲུབ་པའི་གྲོས་མོལ་བྱས་པ་དང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གཉིས་ཀྱིས་འཚོགས་པའི་མཉམ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ་ཐེ་རོན་ཕུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀས་གྲོས་མོལ་བྱས་པ་ལས་གྲུབ་འབྲས་ལེགས་པོ་ཐོན་ཡོད་ལ། གནད་དོན་མང་པོ་ཞིག་གི་ཐད་དུ་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་མ་ཟད། ཐག་གཅོད་རྒྱུར་ལུས་པའི་གནད་དོན་ཧ་ཅང་ཉུང་ཉུང་ཡིན་མོད། འོན་ཀྱང་དེའི་ནང་གི་གནད་དོན་ཞིག་ཧ་ཅང་གལ་འགངས་ཆེ་བ་ཞིག་ཀྱང་ཕྱོགས་གཉིས་ཀའི་བར་དུ་གྲོས་མཐུན་ཅི་ཡང་བྱུང་མེད། ཁོང་གིས་ཕྱི་དྲོ་ཙམ་ལ་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་བྱང་ཆིངས་རྒྱལ་ཁབ་ཀྱི་འགོ་ཁྲིད། དེ་བཞིན་ཁོང་གིས་འོས་སུ་རུང་བའི་མི་སྣ་ཁག་ཅིག་ལ་གློག་འཕྲིན་བཏང་ནས་ཐུག་འཕྲད་གནས་ཚུལ་བསྒྲག་རྒྱུ་ཡིན་ཟེར། 

  ཐེ་རོན་ཕུའུ་ཡིས་ད་དུང་མ་འོངས་པར་ཨ་རི་དང་ཨུ་རུ་སུ་ཕྱོགས་གཉིས་ཀར་དགེ་མཚན་དང་ཕན་འབྲས་ལྡན་པའི་ཐུག་འཕྲད་ཡོང་བའི་རེ་བ་བྱེད་ཀྱི་ཡོད། སྔོན་དཔག་ལྟར་ན་ཕུའུ་ཅིང་དང་མི་འགྱང་བར་སླར་ཡང་ཐུག་འཕྲད་བྱ་ཐུབ་ཅེས་བཤད།

  • 顶