ལོ་ངོ་༦༠འཁོར་བར་དྲན་གསོ་ཞུ་བའི་གསེར་དངུལ་ཊམ་ཀ་མངགས་ཉོ་བྱས་ཆོག་་

2025-08-15
928

  ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་ཟླ་༨པའི་ཚེས་༡༥ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བར་དྲན་གསོ་ཞུ་བའི་གསེར་དངུལ་ཊམ་ཀ་བཀྲམ་འདུག  དེ་ནི་རྒྱུ་གསེར་ལས་བཟོས་པའི་ཊམ་དངུལ་གཅིག་དང་རྒྱུ་དངུལ་ལས་བཟོས་པའི་ཊམ་དངུལ་གཅིག་བཅས་ཡོད། དེ་གཉིས་ཚང་མ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཅད་དངུལ་ལོར་ཡིན།

དྲན་གསོའི་ཊམ་ཀ་དེའི་མདུན་ངོས་ཀྱི་རི་མོ་ནི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང་། རྒྱལ་ཁབ་ཀྱི་མིང་། ལོ་གྲངས་སོགས་བཀོད་ཡོད། རྒྱབ་ངོས་ལ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་དང་། སྐལ་བཟང་མེ་ཏོག་གི་མཐའ་རྒྱན་ཡོད་པ་དང་། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བ་ཞེས་པའི་ཡི་གེ་དང་དངུལ་གྲངས་བཀོད་ཡོད།

     མངགས་ཉོ་བྱ་ཐབས།

ཕྱིར་ཚོང་བྱེད་སྐབས་བཀག་འཇོག་དངུལ་གྱི་སྔོན་བཀོད་རྒྱན་ལེན་པའི་བྱ་ཐབས་སྤྱད་ཀྱི་ཡོད་པ་དང་། དགོས་མཁོ་ཡོད་མཁན་ད་ཐེངས་ཀྱི་བྱེད་སྒོར་ཞུགས་སྐབས། སྔོན་བཀོད་ཨང་གྲངས་མ་ཐོབ་གོང་དུ་ཚོང་ཟོག་དངུལ་གྲངས་དང་འདྲ་མཚུངས་ཀྱི་མ་དངུལ་བཀག་འཇོག་བྱ་རྒྱུར་མོས་མཐུན་བྱ་དགོས། 

    ཀྲུང་གོ་དངུལ་ཁང་གི་APPལ་ཐོ་འགོད་བྱས་ནས་༼ ཤོག་ངོས་དང་པོའི ༽ནང་འཛུལ་ཏེ་༼ རེས་འཁོར་བརྡ་ཁྱབ ༽བར་མནན་ནས་འཛུལ་ན་སྔོན་བཀོད་བྱ་ཐུབ། 

མངགས་ཉོའི་དུས་ཚོད།

    ༢༠༢༥ལོའི་སྤྱི་ཟླ་༨ཚེས་༡༤ཉིན་གྱི་ཆུ་ཚོད་༢༠:༠༠ནས་ཚེས་༢༠ཉིན་གྱི་ཆུ་ཚོད་༡༤:༣༠བར་ཡིན། 

རྒྱན་ལེན་པའི་དུས་ཚོད་སྔོན་དཔག་བྱས་ན། 

༢༠༢༥ལོའི་སྤྱི་ཟླ་༨ཚེས་༢༡ཉིན་གྱི་ཆུ་ཚོད་༩:༠༠ ཐོག་ཡིན། 



  • 顶