དགོངས་པ་གསར་བས་རྒྱང་སྐྱོད་གསར་བར་སྣེ་ཁྲིད།

2025-08-15
315

     ད་ལོ་ནི་རི་སྔོན་པོ་དང་ཆུ་དྭངས་མ་ནི་གསེར་རི་དངུལ་རི་ཡིན་པའིདགོངས་འཆར་བཏོན་ནས་ལོ་ཉི་ཤུ་འཁོར་བའི་ལོ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་རྩ་བའི་ཇུས་ཆེན་ཞིག་ཏུ་བརྩིནས ལས་ཀ་ཡོངས་ཀྱིགཙོ་གནས་སུ་བཞག་སྟེ ཕྱོགསསོ་སོ་དང་ཁོངས་ཡོངས་རྫོགས བརྒྱུད་རིམཧྲིལ་པོརསྐྱེ་ཁམས་ཁོར་ཡུག་སྲུང་སྐྱོངལ་ཤུགས་འདོན་པ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་གཏོང་བའི་ཆོད་སེམས་ཆེན་ལ་ནུས་ཤུགས་ཆེན་པོ ཕན་འབྲས་ཆེན་པོཐོབ་བཞིན་ཡོད་པ་ནི་སྔར་བྱུང་མ་མྱོང་བ་ཞིག་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དགོངས་པའི་མཛུབ་སྟོན་འོག རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། རི་སྔོན་པོ་དང་ཆུ་དྭངས་མ་ནི་གསེར་རི་དངུལ་རི་ཡིན་པའི་དགོངས་འཆརདེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ལྟ་བ་དང་བྱ་སྤྱོདདུ་གྱུར་ནས མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུནབྱེད་པརརྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་གཏོད་བཞིན་ཡོད

    དབྱར་གསེང་སྐབས་སུ་ས་གནས་ཁག་ཏུ་ཡུལ་སྐོར་བའཚང་འགག་ཤིག་ཤིག་དང་། སྐྱེ་ཁམས་ཡག་པོ་ཡིས་རིཀླུང་ངོ་མཚར་གཏོད ནང་སོག་གི་ཨ་ཨེར་ཧྲན་ནས། ཡུལ་སྐོར་བ་ཚོས་སྔོ་ཤིང་དྭངས་བའི་ནམ་མཁའི་འོག་ཏུ་འདོ་བ་རྟ་ལ་བཅིབས་ནས ནགས་དང་རྩྭ་ཐང་དུ་བསྐྱོད་དེ།མཁའ་དབུགསགཙང་མ་གནམ་གཤིས་ཐང་པོ་ཉམས་སུ་མྱོང པེ་ཅིན་གྱི་ལིའང་མ་གཙང་པོ་ནས ཆུ་བོ་དྭངས་ཤིང་གཙངཐོག་ཏུམི་མང་པོགྲུ་ལ་བསྡད་དེ་རྩེད་འཇོ་རོལཞིང་། ཙང་བོ་དང་མཚེའུ་སླར་གསོ་བྱུང་བགནའ་བོ་རྒྱལ་སར་ངོ་མཚར་ལྷུ་པར་གཏོད། ལེན་ཞྭ་ཀྲུང་ཝེ་གྲོང་ཁྱེར་ནས། ས་གནས་དེ་གས་ཐུན་ཀི་ལི་བྱེ་ཐང་གི་ལྗང་བསྒྱུར་གྱི་མཚམས་སྦྲེལ་མ་ཐག་ཡིན་པས། ལྗང་མདོག་གི་སྐེ་དཀྲིདཀྲིས་པ་དང་མཚུངས བྱེ་ཐང་དང་སྔོ་ལྗང་མཉམ་དུགཤིབས་ཏེ སྔོན་མའི་བྱེ་རླུངཁེབས་པའིགྲོང་ཁྱེར་ཆུང་ཆུང་དེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད
       སྐྱེ་ཁམས་དར་ན་ཤེསདཔལ་དར། ཉིས་སྟོང་ལྔ་ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲེ་ཅང་ཨན་ཅི་ནས་ཐེངས་དང་པོར་རི་ཆུ་གཙང་མ་ནི་གསེར་རི་དངུལ་རི་ཡིན་ཞེས་གསུངས་པ་ཡིན། ལོ་ཉི་ཤུའི་རིང་། ཚན་རིག་དང་མཐུན་པའི་ཆོད་གཏམ་དེ་ནི་གྲོང་ཚོ་ཆུང་ཆུང་དེ་ནས་རྒྱལ་ཡོངས་སུ་ཁྱབ་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལྟེ་བའི་འདུ་ཤེས་ཤིག་ཏུ་གྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་གནས་ལྔ་ཕུང་གཅིག་གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་འཆར་འགོད་མཐུན་སྦྱོར་བྱས་པའི་ནང་དོན་གལ་ཆེན་ལ་འཛིན་པས། སྔར་བྱུང་མ་མྱོང་བའི་ནུས་ཤུགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དམ་དུ་འཛིན་བྱེད་བཞིན་ཡོད གཙང་པོ་དང་མཚེའུ་ནས་རྩྭ་ཐང་དང་བྱེ་ཐང་། བརླན་ས་དང་ནགས་ཚལ་ནས་རི་སྔོན་པོ་དང་ཞིང་ཁའི་བར། མེས་རྒྱལ་གྱི་རི་ཀླུང་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་བཅངས་འི་བརྩེ་བ་བདེན་དཔང་མཛད་ཡོད། གཙང་པོ་བཞུར་ས་རུ་ཇུས་ཆེན་འགོད་ཅིང་། རི་ཀླུང་ཁྲོད་དུ་སྐྱེ་ཁམས་ཀྱི་འཆར་གཞི་བཀོད་ལ ཡུལ་དངོས་སུ་ཟབ་ཞུགས་བྱས་པའི་རྟོག་ཞིབ་རེ་རེ་དང་། མིག་རྒྱང་མ་འོངས་ལ་ཕྱོགས་པའི་གྲོས་ཚོགས་གལ་ཆེན་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་ཐུགས་་ཁུར་གནང་ཞིང་། ལྷག་བསམ་ཟོལ་མེད་གནང་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་ཆེན་པོ་ཞིག་སྤོ་བར་སྣེ་ཁྲིད་མཛད་ཀྱིན་ཡོད། དེ་དག་ནི་ཆུ་དྭངས་མོ་དང་རི་སྔོན་པོར་ཕུལ་བའི་གྲུབ་འབྲས་ཤིག་ཡིན་ལ། མི་དམངས་སེམས་སུ་བརྐོས་པའི་གྲུབ་འབྲས་ཀྱི་ཨ་ལན་ཞིག་ཀྱང་རེད། མི་སེར་ལ་གནམ་སྔོན་པོ་དང་སྤྲིན་དཀར་པོ། སྐར་ཚོགས་བཀྲ་བའི་ནམ་མཁའ་གཙང་མ་ལོངས་སུ་སྤྱོད་དུ་བཅུག་ཅིང་ མི་སེརཚོ་ལ་ཆུ་དང་ངོགསཁ་སྔོ་ལྗངམཚམས་ནས་ཉ་མོ་རྩེདདགའ་རོལ་བའིངོ་མཚར་སྟེར་ཡོད་ལ།མི་སེརཚོ་ལ་བྱ་བྱེའུ་སྐད་སྙན་སྒྲོག་ཅིང་དྲི་ཞིམ་མེ་ཏོག་ཁེངས་པའི་མཛེས་སྡུགསོགས་ངོ་མཚར་ཡ་མཚན་བསམ་གྱིས་མི་ཁྱབ་པར་བསྐྲུན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དངཐོད་བརྒལ་རང་བཞིན། སྤྱི་ཁོག་རང་བཞིན་གྱི་འགྱུར་ལྡོག་བྱུང་བཞིན་ཡོད
           སྐྱེ་ཁམས་ཁོར་ཡུག་སྤུས་ཀ་ལེགས་བཅོས་གྲུབ་འབྲས་མངོན་གསལ་རེད། ལོ་ངོ་བཅུའི་སྔོན་དང་བསྡུར་ན། རང་རྒྱལ་གྱི་གྲོང་ཁྱེར་གལ་ཆེན་གྱི་གློ་འབྱིན་རྡུལ་ཚད་ཀྱི་ཆ་སྙོམས་གར་ཚད་བསྡོམས་པས་བརྒྱ་ཆའི་ང་དྲུག་ཇེ་དམའ་རུསོངཞིང་ འབག་བཙོག་ཆེ་བའི་ཉིན་གྲངས་བརྒྱ་ཆའི་གོ་གཉིས་ཇེ་ཉུང་སོང་ནས། འཛམ་གླིང་རླུང་ཁམས་ཆེན་པོའི་སྤུས་ཀ་ཇེ་ཡག་འགྲོ་བའི་མྱུར་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་ལ་གྱུར། ་གཤིས་ཁོར་ཡུག་ཉེན་ཁདོ་དམ་ཚོད་འཛིནཡང་དག་ཐོབ ས་ཐོག་གི་ཆུ་སྤུས་ལེགས་པོའི་གཅོད་ངོས་བསྡུར་ཚད་བརྒྱ་ཆའི་རེ་བཞི་ཚེག་གཅིག་ནས་བརྒྱ་ཆའི་དགུ་བཅུ་ཚེག་བཞི་ལ་འཕར། འབྲི་ཆུའི་འབབ་རྒྱུད་གཙོ་བོ་བསྟུད་མར་ལོ་ངོ་ལྔ་དང་། རྨ་ཆུའི་འབབ་རྒྱུད་གཙོ་བོ་བསྟུད་མར་ལོ་གསུམ་ལ་ཆུ་ལམ་ཡོངས་ཀྱི་ཆུ་སྤུས་ཀ་རིམ་པ་གཉིས་པར་གནས་ཡོད
ལྗང་མདོག་ནི་དེང་སང་ཀྲུང་གོའི་ཁྱད་ཆོས་ཆེན་པོར་ཆགས་ཡོད་དེ དེང་སང་རྒྱལ་ཡོངས་སུ་སྤྱི་གླིང་ཆུང་ཆུང་ཁྲི་ལྔ་སྟོང་བཞི་ལྷགསྐྲུན་པ་དང་། ལྗང་ལམ་སྤྱི་ལེ་འབུམ་གཅིག་ཁྲི་གཉིས་སྟོང་བརྒྱད་ལས་བརྒལ། རྒྱལ་སྤྱིའི་་ས་གྲོང་ཁྱེར་ཉེར་གཉིས་འཛམ་གླིང་གི་ཨང་དང་པོར་གནས། རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆའི་ཉེར་ལྔ་ཡན་ལ་ཟིན་པས། འཛམ་གླིང་ལ་ལྗང་མདོག་རྒྱ་ཁྱོན་བཞི་ཆའིགཅིགསྐྲུན་ཡོད ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱིས་བྱེ་འགྱུར་ས་ཞིང་མུའུ་དུང་ཕྱུར་གསུམ་བྱེ་བ་དྲུག་ས་ཡ་ལྔ་བཅོས་སྐྱོང་བྱེད་པ་དང་། བྱང་གསུམ་ལས་གཞི་འགག་སྒྲོལ་བྱས་ནས་འཛུགས་སྐྲུན་ལས་འགན་མུའུ་དུང་ཕྱུར་གཅིག་ལྷག་ལ་ཟིན་པ འཛམ་གླིང་ཐོག་ས་ཞིང་ཞན་འགྱུར་མེད་པ་དང་། ཐང་རྒོད་དང་བྱེ་འགྱུར་ས་ཞིང་ཇེ་ཉུང་དུ་བཏང་ཐུབ་ཡོད  སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་གྲུབ་འབྲས་གཡུར་དུ་ཟ་ཡོད་དེ རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ་དང་།སྐྱེ་ཁམས་མ་མཐའི་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱེད། དོམ་ཁྲ་དང་གསའ། བྱང་ཤར་སྟག གཙོད། ཡ་གླིང་གླང་ཆེན་སོགས་རི་སྐྱེས་སྲོག་ཆགས་རིགས་ཉིས་བརྒྱ་ལྷག་སླར་གསོ་ཅན་གྱི་འཕར་སྣོན་བྱུང་། འབྲི་ཆུ་ཉ་རྒྱ་བསྡམས་ནས་གསོ་སྤེལ་ཉ་རིགས་ཆེན་མོ་བཞིའི་ཉ་ཕྲུག་ཐོན་ཁུངས་དེ་༢༠༢༠ལོའི་ལྡབ་དྲུག་ཚེག་གཉིས་འཕར། ཀྲུང་གོས་འགོ་ཁྲིད་ནས་བཙུགས་པའི་ཁུན་མིན་སྐྱེ་དངོས་སྣ་མང་ཅན་ཐེབས་རྩས་ཁག་དང་པོའི་ལས་གཞི་དགུ་ལ་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཅོ་ལྔ་ལ་ཁེབས་ཤིང་ མིག་སྔར་ལས་གཞི་ཁག་གཉིས་འདེམ་བཞིན་པའི་སྒང་རེད 
      སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱས་ནས་དེང་རབས་ལབྱས་རྗེས་ཡིན་ཞིང་ཕུགས་ཡུན་རིངཕན་ཐོགས ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོནའོག ཀྲུང་གོསཆེས་མཐོ་ས་དང་མཐོང་རྒྱཆེན་པོ།ནུས་སྟོབསསྔ་ལས་ཆེན་པོརྒྱང་སྐྱོདགསར་པའི་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལསཀ་འཆར་འགོདལེགསསྒྲུབ་དང་། རི་སྔོན་པོ་ཆུ་གཙང་མ་ནི་གསེར་རི་དངུལ་རི་ཡིན་པའིདགོངས་པ་ལག་བསྟར་ཟབ་མོ་བྱེད། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་མཐོའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དེ། བུ་རབས་ཚ་རྒྱུད་ལ་རི་སྔོན་པོ་དང་ཆུ་གཙང་མ། མཁའ་དབུགས་གཙང་མའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས 

  • 顶