ཐེངས་འདིར་ཨུ་ཡུག་དམག་འཁྲུག་གི་གནས་བབ་ཞི་བདེས་ཐག་གཅོད་ཐུབ་བམ།

2025-08-11
305

  ཚེས་བརྒྱད་ཉིན་ལ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཚེས་བཅོ་ལྔ་ཉིན་ལ་ཨ་རིའི་ཨ་ལ་སི་ཅ་མངའ་སྡེ་ནས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཐུག་འཕྲད་བྱས་ནས་ཡུག་རེན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཧྥ་རན་སི་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། ཡོ་རོབ་རྒྱལ་ཁབ་མང་པོའི་འགོ་ཁྲིད་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་བཅུ་ཉིན་ལ་དེའི་ཐད་ནས་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད། 图片

  གསར་འགྱུར་ལྟར་ན། གསལ་བསྒྲགས་དེ་ཧྥ་རན་སིའི་ཙུང་ཐུང་མཱ་ཁེ་ལུང་དང་། ཨི་ཐ་ལིའི་ཙུང་ལི་མེ་ལུའོ་ཉི། འཇར་མན་གྱི་ཙུང་ལི་མོ་ཚི། ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁེ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ། ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ། དེ་མིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་བཅས་ཀྱིས་མཉམ་འབྲེལ་མིང་རྟགས་བཀོད་པ་རེད། གསལ་བསྒྲགས་ནང་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་འཇོག་ཆེད་འབད་བརྩོན་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད། 

  གསལ་བསྒྲགས་ནང་དུ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཕྱི་འབྲེལ་ཐོག་ནས་འབད་བརྩོན་དེར་རྒྱབ་སྐྱོར་བྱ་རྒྱུའི་གྲ་སྒྲིག་བྱེད་པ་དང་། དུས་མཚུངས་སུ་ཡུག་རེན་ལ་མུ་མཐུད་དུ་དངོས་ཡོད་ཀྱི་དམག་དོན་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་བཞིན་ཡོད། དེའི་ནང་དུ་དང་བླངས་མནའ་འབྲེལ་བེད་སྤྱད་ནས་ཨུ་རུ་སུར་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ལག་བསྟར་རྒྱུན་སྐྱོང་རྒྱུ་ཚུད་ཡོད་ཅེས་བྲིས་ཡོད་པ་རེད། 

  ས་གནས་དེ་གའི་དུས་ཚོད་ཚེས་དགུ་ཉིན་ལ། ཨུ་རུ་སུའི་ཙུང་ཐུང་གི་ལག་རོགས་ཝུའུ་ཧྲ་ཁོ་ཧྥུའུ་ཡིས་ཀྱང་འཕྲིན་སྦྱོར་ལ། ཕུའུ་ཅིང་དང་ཐེ་རོན་ཕུའུ་གཉིས་ས་གནས་དེ་གའི་དུས་ཚོད་ཚེས་བཅོ་ལྔ་ཉིན་ལ་ཨ་ལ་སི་ཅ་མངའ་སྡེ་རུ་ཐུག་འཕྲད་བྱ་རྒྱུ་ཡིན་པ་ར་སྤྲོད་བྱས་པ་རེད། ཁོས་ཕུའུ་ཅིང་དང་ཐེ་རོན་ཕུའུ་བར་གྱི་གྲོས་མོལ་གྱི་གཙོ་གནད་ནི་ཡུག་རེན་གྱི་ཡུན་རིང་ཞི་བདེ་ཡོང་བའི་ཇུས་གཞི་དེ་ཡིན་ཞེས་བཤད་པ་རེད།


  • 顶