ནག་ཆུ་རུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་ཤིག་བསྐྱབས།

2025-08-10
434


  རེ་ཞུའི་སྙན་སེང་འབྱོར་རྗེས། མངགས་གཏོང་ཁང་གི་ལས་རེས་ཉེན་རྟོག་པས་མགྱོགས་མྱུར་རླངས་འཁོར་བཏང་ནས་ཡུལ་དངོས་སུ་བསྐྱོད་པ་དང་། འབྲེལ་ཡོད་སྡེ་ཁག་གི་ལས་དོན་མི་སྣ་དང་འབྲེལ་བ་བྱས། ཆེད་ལས་མི་སྣས་ངོས་འཛིན་དང་བརྟག་དཔྱད་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་འདབ་ཆགས་ཁྲ་ཡིན་པ་གཏན་འཁེལ་བྱས་པ་དང་། དེའི་གཤོག་པར་རྨས་ཡོད་སྟབས་འཕུར་ལྡིང་བྱེད་མ་ཐུབ་པར་ལུས་ཡོད། ཁྲ་དེར་མགྱོགས་མྱུར་ངང་སྨན་བཅོས་བྱ་ཆེད་ཉེན་རྟོག་པས་དེ་མ་ཐག་གྲོང་གསེབ་ཀྱི་ཕྱུགས་རིགས་སྨན་པར་འབྲེལ་བ་བྱས་ཏེ། སྨན་བཅོས་བརྟག་དཔྱད་དང་སྐྱོབ་བཅོས་ལས་དོན་སྤེལ་ནས་རྨ་ཁ་གཙང་སེལ་དང་དུག་སེལ་བྱས་རྗེས། རྨ་ཁར་རས་དཀྲིས་ནས་གནས་སྐབས་གསོ་ཚགས་བྱེད་ས་ཞིག་བཀོད་སྒྲིག་བྱས་པ་རེད། 

ད་ཆ་རྨས་པའི་ཁྲ་དེ་དྲག་སྐྱེད་ཡོང་བཞིན་ཡོད་པས། རྦད་དེ་དྲག་སྐྱེད་བྱུང་རྗེས་སླར་ཡང་རང་བྱུང་ཁམས་སུ་གཏང་རྒྱུ་རེད། 

    ཁྲ་(Falco cherrug)ནི་འདབ་ཆགས་ཤ་གཟན་ཞིག་ཡིན་ཞིང་། ནམ་རྒྱུན་རི་མཐོ་ས་དང་གཡང་གཟར་སར་འཚོ་སྡོད་བྱེད་བཞིན་ཡོད། རང་རྒྱལ་དུ་གཙོ་བོ་ཤིན་ཅང་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ནང་སོག་སོགས་སུ་ཁྱབ་ཡོད་ལ། རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་ཀྱི་རིགས་ཡིན་ཅིང་། ༼འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་མིང་ཐོའི༽གྲས་སུ་བཞག་འདུག

  • 顶