མདང་ནུབ་གྲོང་ཁྱེར་འདིས་འཛམ་གླིང་ཐོག་ངོ་མཚར་བསྐྲུན།

2025-08-08
399

  ༢༠༢༥ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཆེན་མོའི་འགོ་ཚུགས་མཛད་སྒོ་དེ་ཟླ་༨པའི་ཚེས་༧ཉིན་གྱི་དགོང་མོར་སྤོས་ལྡན་གྲོང་ཁྱེར་དུ་སྤེལ་བ་ན། ལྟད་མོ་བ་ཁྲི་ཕྲག་ལྷག་ཐེན་ཧྥུའུ་མཚེའུ་འགྲམ་དུ་འཛོམས་ནས་འཛམ་གླིང་དགྱེས་པའི་དགའ་སྟོན་ལ་རོལ་བ་རེད།   སྐབས་བཅུ་གཉིས་པའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཐེན་ཧྥུའི་མདའ་གཡབ་ཞེས་པའི་གནས་སུ་སྤེལ་ཞིང་། ལྟ་བས་ཆོག་མི་ཤེས་པའི་ལྟད་མོ་ངོ་མཚར་བ་ཞིག་འཛམ་གླིང་ཡོངས་ལ་སྐྱེས་སུ་ཕུལ་བ་རེད། 

ཡ་གླིང་གི་ཆེས་ཆེ་ཞིང་ཤིང་ཆ་ལས་གྲུབ་པའི་ཕུང་གཅིག་ཅན་གྱི་བཟོ་བཀོད་ཐེན་ཧྥུའི་མདའ་གཡབ་ཅེས་པས་ཁྲེང་ཏུའི་མཚར་སྡུག་འཛམ་གླིང་ལ་ཁྱབ་པར་བྱས།   ཨང་ཀི་ཅན་སོགས་དེང་རབས་བཟོ་བཀོད་ལས་གྲུབ་པའི་གྲོང་ཁྱེར་གྱི་རྣམ་པ་མཚོ་ངོགས་སུ་མཚན་མོའི་ཟླ་གཟུགས་ལྟར་འཆར་བའི་མཛེས་ཉམས་ལྟ་ན་སྡུག་ཅིང་། ཐེངས་འདིའི་འགྲན་ཚོགས་ཀྱི་གཡང་རྟེན་དོམ་ཁྲ་དང་སྤྲེའུ་རྒྱ་སེར་གཉིས་ནི་གཅེས་སུ་རུང་བ་ཞིག་རེད།  ཀྲུང་གོའི་སྲོལ་རྒྱུན་གྱི་ཆས་གོས་སྤྲས་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རོལ་ཆས་སྣ་ཚོགས་དབྱངས་སུ་དཀྲོལ་དུས། དར་སྐུད་ཚོང་ལམ་གྱི་སྙིང་སྟོབས་དང་མཛེས་ཉམས་དེ་གར་སྟེགས་སྟེང་ནས་སླར་ཡང་མངོན་པར་བྱས།མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩི་རུ་གྱུར་བའི་གནའ་བོའི་གར་དང་རོལ་དབྱངས་ཀྱི་ཉམས་འགྱུར་འདི་ཡིད་དུ་འོང་།   ཐེན་ཧྥུའི་མདའ་གཡབ་ཞེས་པའི་གཞལ་ཡས་ཁང་གི་མདུན་དུ་ཀྲུང་གོའི་གཞོན་ནུ་དང་རྒྱལ་སྤྱིའི་བྱིས་པའི་གླུ་གཞས་ཚོགས་པས་རོལ་དབྱངས་ཀྱི་མཆོད་པ་ཕུལ་ནས་རྟེན་འབྲེལ་ཞུས། རིག་རྩལ་འཁྲབ་སྟོན་གྱི་སྐབས་སུ་མཚན་མོའི་བར་སྣང་དུ་མེ་རྟགས་ཀྱིས་གྲུབ་པའི་ཁྲེང་ཏུའུ་ཞེས་པའི་འཁྱོག་བྲིས་ཡིག་གཟུགས་མངོན་པ།   བརྗོད་བྱ་གཙོ་བོའི་གླུ་དབྱངས་དལ་གྱིས་མཇུག་རྫོགས་དུས་ཁྲེང་ཏུའུ་ཡི་ཅིན་ཧྲ་རྗེས་ཤུལ་གྱི་ཤིང་སྡོང་ཆེན་པོའི་རྩ་བ་དང་སི་ཁྲོན་གྱི་འགྱུར་རྡོ་གསོན་པོ་སྟེ་གུང་ཐུང་སྡོང་བོ་སོགས་གཞིར་བཟུང་ནས་གསར་གཏོད་བྱས་པའི་མཛའ་མཐུན་སྡོང་བོ་ཞིག་གིས་མཚན་ལྗོངས་རབ་ཏུ་གསལ་བར་བྱས།  འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་ཐོག་མའི་དཔལ་འབར་གཙོ་བོ་དེ་མདང་ནུབ་གནས་འདིར་སྒྲོན་པ་ན། ཆུ་དང་མེ་ལས་གྲུབ་པའི་འོད་སྣང་ཆེན་པོ་ཞིག་རྣམ་པར་འབར་ཞིང་། མཚེའུ་ངོགས་སུ་བཀྲ་ལ། ཕུགས་འདུན་གཅིག་པའི་མདུན་ལྗོངས་འོད་སྣང་གིས་ཁྱབ་པར་བྱས། 

ཡོང་ཁུངས། ཞིན་ཧྭ་གསར་འགྱུར།

རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། མགོན་པོ་ཚེ་རིང་།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།


  • 顶