ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་ཨེར་པ་ཉི་སི་ལ་ཐུག་འཕྲད་གནང་བ།

2025-07-18
445

པར་འདི་ནི་ཟླ7པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་ཨེར་པ་ཉི་སི་ལ་ཐུག་འཕྲད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་ཨེར་པ་ཉི་སི་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་ཡང་བསྐྱར་ཨ་ཨེར་པ་ཉི་སིས་གོ་གནས་བསྟུད་འགན་གནང་བར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱིས་བདེ་སྐྱིད་བསྐྲུན། འདི་ལས་ང་ཚོར་ཕྱེས་པའི་བློ་སྒོ་ནི། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཐུན་པ་ཡོངས་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་མཉམ་ལས་བཅས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཁ་ཕྱོགས་ཆེན་པོ་འདི་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་བྱེད་མི་རུང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བས་ལོ10ཐེངས་གཉིས་པའི་འགོ་ཚུགས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་ལེགས་པོ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཨོ་ཕྱོགས་གཉིས་ཀྱིས་ཐོག་མར་འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་བྱེད་དགོས། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་རྒྱུན་འཁྱོངས་ཀྱི་ཆོད་སེམས་གཡོ་འགུལ་མེད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མེད་ལ། ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མེད་ཅིང་། རྒྱལ་ཁབ་སོ་སོར་མཐུན་སྒྲིལ་མཉམ་ལས་བྱས་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་ཤེས་རྟོགས་ཡང་དག་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཉིས་ནས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དགོས། ཀྲུང་གོ་ནི་ལོ16རིང་ཨོ་སི་ཁྲུ་ལི་ཡའི་ཉོ་ཚོང་གྲོགས་པོ་ཆེ་ཤོས་ཡིན་ལ། ཀྲུང་གོའི་བར་གྱི་ཉོ་ཚོང་ལས་ཨོ་སི་ཁྲུ་ལི་ཡར་ངེས་པ་དོན་གྱི་ཁེ་ཕན་བསྐྲུན། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་དགོས་ལ། ཁེ་ཕན་གྱི་མཐུན་ཆ་དང་མཉམ་ལས་ཀྱི་འཕར་གནས་སྔར་ལས་མང་པོ་བསྐྲུན་ནས། མཉམ་ལས་ཀྱི་རིམ་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གསུམ་ནས་མི་དམངས་ཀྱི་མཛའ་མཐུན་རྒྱ་ཆེར་གསོ་སྐྱོང་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཡོད་ལ། མཛའ་བཤེས་རྣམ་པར་དག་པས། ཨོ་སི་ཁྲུ་ལི་ཡའི་ལས་རིགས་ཁག་གི་མི་སྣ་སྔར་ལས་མང་བ་ཀྲུང་གོར་ཡོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་བཞིན་ཡོད་ཅིང་། ཨོ་སི་ཁྲུ་ལི་ཡའི་གཞོན་ནུ་ལོ་ཆུང་སྔར་ལས་མང་པོ་ཀྲུང་གོར་བརྗེ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུས་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཛའ་མཐུན་གྱི་ལྗོན་ཤིང་ལ་སྔར་ལས་ལོ་འདབ་རྒྱས་སུ་འཇུག་འདོད་ཡོད། བཞི་ནས་ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་གདོང་གཏོད་དགོས། འགྱུར་ལྡོག་རྒོད་པའི་རྒྱལ་སྤྱིའི་གནས་བབ་ལ་གདོང་གཏད་དེ། རྒྱལ་ཁབ་སོ་སོས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས་ལ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    ཨ་ཨེར་པ་ཉི་སི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཐུན་པ་ཡོངས་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་མཉམ་ལས་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་ལྟོས་ཆེན་པོ་བྱེད་ཀྱིན་ཡོད་ལ། དེ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། ས་ཁུལ་གྱི་བརྟན་འཇགས་དང་དར་རྒྱས་ལའང་ཕན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས།“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་འགྲོ་འོང་དང་གླེང་མོལ་སྲུང་འཛིན་བྱས་ནས་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་ཨོ་སི་ཁྲུ་ལི་ཡར་མཚོན་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་འབྲེལ་ཐག་གཅོད་འདོད་མེད་པར་མ་ཟད། ཕྱོགས་གཉིས་ཀྱི་ཉོ་ཚོང་ཤར་གཏོང་སྲུང་འཛིན་བྱས་ཏེ། ལྗང་མདོག་ཐོན་ལས་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པ། སྨན་བཅོས་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད། ཡུལ་སྐོར་དང་སློབ་གསོ། ལུས་རྩལ་སོགས་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། མི་དམངས་ཕན་ཚུན་བར་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། འགྱུར་ལྡོག་རྒོད་པའི་འཛམ་གླིང་ལ་གདོང་གཏད་དེ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱེད་ཅིང་། རང་མོས་ཉོ་ཚོང་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་གང་མང་སྣོན་འདོད་ཡོད། ཨོ་སི་ཁྲུ་ལི་ཡས་ཀྲུང་གོས2026ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

ཝང་དབྱི་ཐུག་འཕྲད་ལ་ཞུགས། །


  • 顶