ཞི་ཅིན་ཕིང་གིས་ཞི་མོན་སི་ལ་སུ་རི་ནེམ་གྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུ་བའི་ཤིས་འཕྲིན་སྤྲིངས།

2025-07-14
348

ཟླ་བ་བདུན་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་མོན་སི་ལ་ཤིས་འཕྲིན་སྤྲིངས་ནས་མོ་སུ་རི་ནེམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས། སུ་རི་ནེམ་ནི་ཀྲུང་གོའི་ཅ་ལི་པི་ས་ཁུལ་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་ལ ཕྱི་འབྲེལ་བཙུགས་ནས་ལོ་ཞེ་དགུའི་རིང་། ཕྱོགས་གཉིས་ཀྱི་ཐུན་མོང་འབད་པའི་འོག ཀྲུང་གོ་དང་སུ་རི་ནེམ་གྱི་འབྲེལ་བ་བདེ་བླག་ངང་བརྟན་ཐོག་ཇེ་བཟང་དུ་བྱུང་ཡོད་ལ ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་ཟབ་མོ་བྱས་ཡོད། ངས་ཀྲུང་གོ་དང་སུ་རི་ནེམ་གྱི་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཆེན་ཡོད་ལ། ཁྱེད་ཙུང་ཐུང་དུ་བདམས་པའི་ཞི་མོན་སི་དང་མཉམ་དུ་ཕན་ཚུན་གཉིས་ཁེའི་མཛའ་མཐུན་མཉམ་ལས་ཟབ་སྤེལ་དང་། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

  • 顶