ཐེན་ཅིན་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་པ།

2025-06-22
465

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

  ཐེན་ཅིན་གྱིས་གྲངས་འཛིན་ཐོན་ལས་གསར་གཏོད་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། གྲངས་འཛིན་ཅན་གྱི་ལག་རྩལ་བརྒྱུད་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་། དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་ཡོད།

  རྒྱལ་སའི་ལྟེ་བའི་ཁུལ་དང་བར་ཐག་སྤྱི་ལེ་50ཡོད་པའི་ཐེན་ཅིན་གྲོང་ཁྱེར་ཝུའུ་ཆིང་ཆུས་སུ་ནུས་ཚད་མཐོ་བའི་ཞབས་ཞུ་ཡོ་ཆས་ཁྲི་བརྒྱ་ཤོང་ཐུབ་པའི་གྲངས་རིག་གསར་གཏོད་གླིང་ཞིག་ཏུ་པེ་ཅིང་དང་ཐེན་ཅིང་དང་ཧོ་པེ་བཅས་ས་ཁུལ་གསུམ་གྱི་གྲངས་གཞི་དགོས་མཁོ་ཆེ་བའི་ཁེ་ལས་240ལྷག་ཙམ་འདུས་ཡོད་པ་རེད། འདི་གའི་ཐགས་ཞེང་ཆེ་བའི་དྲ་རྒྱ་པེ་ཅིང་དབྱི་ཀྲོང་སོགས་དྲ་སྦྲེལ་ཁེ་ལས་གཅིག་སྡུད་ས་ཁོངས་སུ་ཐད་ཀར་སྤྱོད་ཐུབ་པས། རྩིས་ནུས་འབོར་ཆེན་དང་བརྒྱུད་གཏོང་མྱུར་པོ་བརྒྱུད་དེ་དངུལ་རྩ་དང་དྲ་སྦྲེལ་རླངས་འཁོར་སོགས་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད།

  ཐེན་ཅིན་གྲོང་ཁྱེར་ཝུའུ་ཆིང་ཅིང་ཅིན་ཐོན་ལས་གྲོང་ཁྱེར་གསར་པའི་ཀའོ་གྲོང་ཚོའི་གྲངས་རིག་གསར་གཏོད་གླིང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཐན་ཧུའེ་ཧྲེན་གྱིས་གླིང་ཁུལ་གྱི་བློ་རིག་རྩིས་རྒྱག་ཞབས་ཞུའི་ནུས་པས་པེ་ཅིང་དང་ཐེན་ཅིང་དང་ཧོ་པེ་བཅས་ས་ཁུལ་གྱི་དཔེ་དབྱིབས་ཁེ་ལས་ཆེ་གྲས་དང་། བློ་རིག་སློབ་གསོ་དང་། བློ་རིག་སྨན་བཅོས། རླངས་འཁོར་དྲ་སྦྲེལ་སོགས་ལས་རིགས་ལ་ནུས་པ་འདོན་སྤྲོད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཅེས་གསུངས་ཡོད།

  པིན་ཧའེ་ཁུལ་གསར་དུ་གནས་པའི་རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་ལས་སྟེགས་ཀྱང་ཉིན་ལྟར་མགྱོགས་མྱུར་ངང་འཁོར་སྐྱོད་བྱེད་བཞིན་ཡོད། རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རྩིས་ཤུགས་ཞབས་ཞུའི་སྟེགས་བུ་ཡིན་པའི་ཆ་ནས། དེ་གར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ཁུངས། གྲོང་ཁྱེར་14ཡི་ཚད་བརྒལ་རྩིས་རྒྱག་དང་རིག་ནུས་རྩིས་རྒྱག་ལྟེ་གནས་20ལྷག་ཙམ་འབྲེལ་མཐུད་བྱས་ཏེ། གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་རྒྱ་དང་ཞབས་ཞུའི་མ་ལག་བརྒྱུད་ལས་རིགས་100ལྷག་ཙམ་ལ་རྩིས་ཤུགས་འདེགས་སྐྱོར་བྱས་ཡོད། དྲ་ཐོག་ཏུ་ཞུགས་པའི་ལོ་གཅིག་ལྷག་ཙམ་རིང་སྟེགས་བུའི་ཉིན་རེའི་ཆ་སྙོམས་བཀོལ་སྤྱོད་བྱེད་ཚད་ཁྲི་300ལས་བརྒལ་ཡོད།

  རྒྱལ་ཁབ་གཤིས་ནུས་མཐོ་བའི་རྩིས་འཁོར་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་ཀུའོ་ཆིང་གིས་རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་ཐོན་པ་དེས་དེ་སྔའི་ཚད་བརྒལ་རྩིས་རྒྱག་ལྟེ་གནས་ཀྱི་རྐྱང་རྒྱག་རྣམ་པར་འགྱུར་ལྡོག་བཏང་ཡོད། ང་ཚོས་རྒྱལ་ཐོན་གྱི་རྩིས་རྒྱག་དང་སྒོ་འབྱེད་ཉེར་སྤྱོད་མཉམ་འདྲེས་བྱས་པ་བརྒྱུད། རྩིས་རྒྱག་ནུས་པ་དང་དཔེ་དབྱིབས་ཆེན་པོ་བེད་སྤྱོད་དང་གསར་སྤེལ་གྱི་སྒོ་ཐེམ་དམའ་རུ་བཏང་ཡོད། དུས་མཚམས་རྗེས་མར་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་ལས་སྟེགས་ཀྱིས་ད་དུང་རྩིས་རྒྱག་ནུས་པའི་ཉེར་སྤྱོད་ཚོང་ཁང་སོགས་གསར་གཏོད་གཉེར་སྐྱོང་བྱེད་སྟངས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྩིས་རྒྱག་ནུས་པའི་སྣོད་བཅུད་མཉམ་ལས་ལས་སྟེགས་ཆགས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གསར་དར་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས།

  གྲངས་གཞི་ཆེན་པོའི་རྟེན་གཞི་སོགས་ཚན་རྩལ་ལས་སྟེགས་ཀྱི་སྐུལ་ཁྲིད་འོག ཐེན་ཅིན་གྱིས་མིས་བཟོས་རིག་ནུས་དང་། གྲངས་གཞི་ཆེན་པོ། སྤྲིན་རྩིས་རྒྱག་སོགས་མདུན་གྲལ་གྲངས་འཛིན་ལག་རྩལ་རིམ་སྤོར་དང་གསར་སྒྱུར་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ཡོད། པིན་ཧའེ་མཐོ་གསར་ཁུལ་དུ་དེ་གར་CPUདང་བཀོལ་སྤྱོད་མ་ལག་ནས་གཞི་གྲངས་མཛོད་དང་ཞབས་ཞུ་ཡོ་ཆས། དེ་ནས་འཕྲུལ་ཆས་ཧྲིལ་པོའི་མཐའ་སྣེ་དང་། རིམ་འདས་རྩིས་རྒྱག ཆ་འཕྲིན་བདེ་འཇགས་ཞབས་ཞུ་སོགས་ལྷུ་ཚིགས་བར་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་མ་ལག་ཅིག་བཙུགས་པ་རེད།

  ཐེན་ཅིན་པིན་ཧའེ་མཐོ་གསར་ལག་རྩལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཞན་མིང་གིས། ང་ཚོས་ད་དུང་འབྱུང་འགྱུར་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་འདོམས་མཐོ་ཤོས་ལ་དམིགས་ཏེ་ཆ་འཕྲིན་ལག་རྩལ་གསར་པ་དང་ཀླད་པའི་འཕྲུལ་ཆས་སོགས་འབྱུང་འགྱུར་ཐོན་ལས་མགྱོགས་མྱུར་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་འགོ་ཁྲིད་ཁེ་ལས་དང་། གསར་གཏོད་སྒྲིག་གཞི། རྩེར་སོན་ཤེས་ལྡན་མི་སྣ་བཅས་གཅིག་སྡུད་འཕེལ་རྒྱས་ཡོང་བའི་ཡིད་དབང་འགུག་ནས། རྒྱལ་ནང་གི་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་རྩེར་སོན་དང་གྲངས་འཛིན་ཐོན་ལས་ཀྱི་གདོད་མའི་གསར་གཏོད་ཀྱི་འབྱུང་ཁུངས་གཙོ་བོ་གཏོད་དགོས་ཞེས་གསུངས་པ་རེད།

  གྲངས་འཛིན་ལག་རྩལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག ཐེན་ཅིན་གྱིས་གྲངས་འཛིན་དང་དངོས་ཚན་མཉམ་འདྲེས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་གྲངས་འཛིན་ཅན་ལ་བརྟེན་ནས་ཐོན་ལས་བརྗེ་སྒྱུར་དང་རིམ་སྤོར་བྱེད་པར་ནུས་པ་འདོན་སྤྲོད་བྱས་ཡོད། ས་གནས་དེ་གའི་འོད་སྐུད་སྐུལ་འོད་ཡོ་ཆས་ཐོན་སྐྱེད་ཁེ་ལས་ཤིག་ཏུ་གསར་དུ་བེད་སྤྱོད་བྱེད་འགོ་ཚུགས་པའི་རིག་ནུས་ཐོན་སྐྱེད་འཁོར་ཁང་ཞིག་ཏུ་སྐུལ་འོད་ཡོ་ཆས་ཇུས་འགོད་ནས་བཟོ་སྐྲུན་བར་གྱི་བརྒྱུད་རིམ་ཧྲིལ་པོ་རིག་ནུས་ཅན་མངོན་འགྱུར་བྱེད་ཐུབ། ཁེ་ལས་ཀྱི་འགན་འཁུར་བ་ཀྲའོ་ཅུའུ་ཡུན་གྱིས་སྒྲིག་ཆས་ཤིག་བཟོ་སྐྲུན་བྱེད་པ་དེ་ཚད་གང་འདྲ་ཞིག་ལ་སླེབས་ཡོད་པ་དང་། ཉིན་དེའི་ཐོན་ཚད་ག་ཚོད་ཡིན་པ། ཐ་ན་སྐར་མ་རེ་དང་ཆུ་ཚོད་རེའི་ཐོན་ཚད་ག་ཚོད་ཡིན་པ་ང་ཚོས་རྒྱབ་སྟེགས་ནས་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ། གྲངས་གཞི་རང་འགུལ་ངང་བསྡུ་རུབ་བྱས་ན་མི་ཐབས་མང་པོ་གྲོན་ཆུང་ཐུབ་པ་མ་ཟད། དུས་མཚུངས་སུ་ནོར་འཁྲུལ་ཡང་ཤོར་མི་སྲིད། ད་ལྟའི་ང་ཚོའི་མི་སྣ་ཡོངས་ཀྱི་ལས་ཕྱོད་20%ཡན་མཐོ་རུ་བཏང་ཡོད་ཅེས་གསུངས་པ་རེད།

  མིག་སྔར་ཐེན་ཅིན་དུ་རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་སྟེགས་བུ་དང་ཧའེ་ཧོ་ཚོད་ལྟ་ཁང་སོགས་གཙོ་གནད་ཚན་རྩལ་གསར་གཏོད་སྟེགས་བུ་ཁག་གཅིག་འདུས་པ་དང་། 5Gགཞི་ཚུགས་ཁྲི་8བསྐྲུན་པ་དང་། རྒྱལ་ཁབ་རིམ་པའི་5Gཡོངས་སྦྲེལ་བཟོ་གྲྭ་14བཅས་བསྐྲུན་པ་དང་། རིག་ནུས་བཟོ་གྲྭ་དང་གྲངས་འཛིན་ཅན་གྱི་འཁོར་ཁང་བསྡོམས་འབོར་400ཟིན་ཡོད་པ་རེད། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་གཞི་ཅན་གྱི་སྐུལ་ཁྲིད་འོག ད་ལོའི་དུས་ཚིགས་དང་པོའི་ཐེན་ཅིན་གྲོང་ཁྱེར་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ལས་གཉེར་ཡོང་འབབ་12%འཕར་ཡོད།

  ཐེན་ཅིན་གྲོང་ཁྱེར་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཧྲེང་ཤིས་གྱིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལྟར་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱལ་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཚོད་ལྟའི་ཁུལ་ཡག་པོ་འཛུགས་པ། ང་ཚོའི་གཞི་གྲངས་རྨང་གཞིའི་སྒྲིག་བཀོད་ཡག་པོ་འཛུགས་པ། ཡོངས་རྩིས་དང་། རིག་རྩིས། ཚད་བརྒལ་རྩིས་རྒྱག མཐའ་རྩིས་བཅས་གོང་འཕེལ་ཡག་པོ་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ཡོད་པ་དང་དུས་མཚུངས་ང་ཚོས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ང་ཚོའི་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དུ་འགྱུར་བའི་རིགས་སྒྱུར་དང་། ཞབས་ཞུའི་ལས་རིགས་དང་དེ་བཞིན་ཕྱོགས་ཁག་ལ་རྒྱུན་ཆད་མེད་པར་ནུས་པ་དང་། བློ་རིག་དང་སྟོབས་ཤུགས་བཅས་འདོན་སྤྲོད་བྱེད་དགོས་ཞེས་གསུངས་པ་རེད

  • 顶